ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རླངས་འཁོར་གྱི་དོན་རྐྱེན་བྱུང་ཡུལ་དུ་ཕེབས།

        2014-11-27

ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་རླངས་འཁོར་གྱི་དོན་རྐྱེན་བྱུང་ཡུལ་དུ་ཕེབས།

ཁུལ་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།ཟླ་བ11པའི་ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད16ལ་གུང་གཞོན་ཚོགས་པའི་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཡོན་ཡ་ཞུན་དང་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན།ཞིང་ཆེན་མང་ཚོགས་ཚོགས་པའི་སྤྱི་ཚོགས་ཞབས་འདེགས་ལྟེ་གནས་ཀྱི་འགུལ་འགོག་གནོད་སེལ་ལས་སྒྲུབ་ཚོ་ཆུང་སོགས་སྒྲིག་འཛུགས་བྱས་ནས་རྟའུ་རྫོང་དུ་འགུལ་འགོག་རོགས་སྐྱོབ་དངོས་རྫས་བསྐྱལ་ཏེ་ཕྱིར་ལོག་པའི་ལྷ་སྒང་དང་ལམ་ཐག་སྤྱི་ལེ10ཡོད་པའི་ལམ་བར་ནས་རླངས་འཁོར་གྱི་དོན་རྐྱེན་བྱུང་ནས་གཞུང་དོན་དུ་ཚེ་ལས་འདས་པ་དང་།ད་དུང་ཁ་ལོ་བ་དང་ལས་སྒྲུབ་པ་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་པས་ཁུལ་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
དོན་རྐྱེན་བྱུང་རྗེས།དར་མདོའི11.22ས་འགུལ་གྱི་འགུལ་འགོག་གནོད་སེལ་བྱེད་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་ཧུའ་ཁྲང་ཧྲེང་མྱུར་དུ་རླངས་འཁོར་གྱི་དོན་རྐྱེན་བྱུང་ཡུལ་དུ་ཕེབས་ནས་དོན་རྐྱེན་བྱུང་རྗེས་ཀྱི་ལས་ཀ་མཇུག་བསྡུས་ཐག་གཅོད་བྱས།ཧུའུ་ཁྲེང་ཧྲེང་གིས་ཡུན་ཡ་ཞིན་ནི་ཕུལ་བྱུང་གི་གུང་གཞོན་ཚོགས་པའི་ལས་བྱེད་པ་ཞིག་ཡིན་པས་ཁོས་གཞུང་དོན་དུ་ཚེ་ལས་འདས་པ་ནི་རང་ཁུལ་གྱི་གྱོང་གུན་ཆེན་པོ་རེད།དོན་རྐྱེན་འདིའི་མཇུག་གི་ལས་ཀ་ཡག་པོ་སྒྲུབ་དགོས་པ་མ་ཟད།ཡུན་ཡ་ཞིན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་དགོས་པ་དང་།ཁུལ་ཡོངས་ཀྱིས་མི་དམངས་ལ་འགུལ་འགོག་གནོད་སེལ་དེ་ལས་ཡག་པོ་སྒྲུབ་དགོས་ཞེས་སྐུལ་སློང་གནང་།
ད་དུང་ཁུལ་འགོ་ཁྲིད་ཁྲེང་ཀྲུང་དབྱི་དང་བྱམས་བློ།ཡུས་ཧན་བཅས་དོན་རྐྱེན་བྱུང་ཡུལ་དུ་ཕེབས་ནས་དོན་རྐྱེན་བྱུང་རྗེས་ཀྱི་ལས་ཀ་དག་མཇུག་བསྡུས་ཏེ་ཐག་གཅོད་བྱས་པ་རེད།
  • ལེ་ཚན་སྔོན་མ།:གུང་གཞོན་ཚོགས་པའི་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཡོན་ཡ་ཞུན་གཞུང་དོན་དུ་ཚེ་ལས་འདས།
  • ལེ་ཚན་རྗེས་མ།:དར་རྩེ་མདོའི་ས་འགུལ་གྱིས་ཁྱོན་བསྡོམས་མི76རྨས་ཡོད།
  • དོ་སྣང་ཆེ་བའི་རྩོམ།