ཡུལ་མི་ཚོ་ཕྱུག་འབྱོར་གཏང་རྒྱུ་ནི་མང་ཚོགས་ལས་ཀའི་གནད་འགག་ཡིན།

སྐལ་བཟང་ཐུབ་བསྟན་གྱིས།        2013-05-02

རང་ཁུལ་དུ་མང་ཚོགས་ལས་ཀ་ཁྱོན་ཡོངས་སུ་སྤེལ་ནས་ཧ་ལམ་ལོ་གཅིག་ལ་ཉེ་བ་སོང་བས་རྫོང་སོ་སོས་རང་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མང་ཚོགས་ལས་ཀ་སྤེལ་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་དེའི་སྐོར་ལ་ཉམས་མྱོང་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་པ་རེད།  ཚེ་ལས་འདས་ཟིན་པའི་ཆེས་མཛེས་སྡུག་ལྡན་པའི་གཞི་རིམ་གྱི་ལས་བྱེད་པ་ཞེས་པའི་མཚན་སྙན་ཐོབ་པའི་རྟའུ་རྫོང་དབལ་ཞབས་ཤང་གི་ཤང་ཀྲང་སྔོན་མ་བློ་མཐུན་འགྱུར་མེད་རྡོ་རྗེས་ནམ་རྒྱུན་དུ་ཁོང་གི་ལས་རོགས་རྣམས་ལ་ཡུལ་མི་ཚོས་ཕྱུག་འབྱོར་གྱི་ལམ་བུ་རྙེད་ཐུབ་པའི་ཐབས་ལ་འབད་དགོས།  ལམ་བུ་དེ་རྙེད་ན་འཚོ་བ་གཞི་ནས་སྐྱིད་པོ་ཡོང་གི་རེད་ལ། ཆབ་སྲིད་ཀྱི་ངོས་ནས་བརྟན་བརླིང་དང་མཐུན་སྒྲིལ་བཅས་ཀྱང་ཡོང་ཐུབ་པ་རེད་ཅེས་ཡང་ཡང་བཤད་མྱངས་པ་རེད། སྐད་ཆ་དེ་ནི་ཧ་ཅང་ཐུང་ངུ་ཞིག་རེད་མོད། འོན་ཀྱང་དེ་ནི་ཁོང་གིས་ཡུན་རིང་མང་ཚོགས་ལས་ཀ་སྒྲུབ་པའི་རིན་བྲལ་གྱི་ཉམས་མྱོང་ཡིན་ལ། སྣེ་འཛིང་ཆེ་བའི་གནད་དོན་མང་པོ་ཐག་གཅོད་བྱེད་པའི་གཅིག་ཤེས་ཀུན་གྲོལ་གྱི་གདམས་ངག་གཅིག་ཀྱང་བརྩི་ཆོག   མང་ཚོགས་ལས་ཀ་སྣ་མང་ཇི་ཙམ་སྤེལ་ན་ཡང་མང་ཚོགས་ཕྱུག་འབྱོར་གྱི་ལམ་བུ་རྙེད་ཐུབ་མིན་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ལ།  རྒྱུན་བསྲིངས་འཕེལ་རྒྱས་གཏོང་བའི་མཐར་ཐུག་གི་དགོས་མཁོ་ཡང་ཡིན་པས་ལས་ཁུངས་དང་སྡེ་ཁག་སོ་སོས་ངེས་པར་དུ་དེའི་སྐོར་མནོ་བསམ་ཞིབ་མོ་གཏོང་དགོས་པ་ལས་གནས་སྐབས་ཀྱི་སླ་འཆུས་ཙམ་དང་སྐྱག་མགོ་ས་བཀབ་ཙམ་གྱིས་ཁྲལ་སེལ་ལས་ཀ་འགུལ་པ་ཡིན་ན་དམངས་འཚོར་ཡུན་ཕན་གྱི་ཁྲག་རྩ་བཅད་པ་ཡིན་པས་ཤིན་ཏུ་ནས་ཀྱང་གཟབ་པར་འཚལ་ལོ།།
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུའི་ཐབས་ལམ་རྒྱ་སྐྱེད་བཏང་།
  • ལེ་ཚན་རྗེས་མ།:བྱང་ཆུབ་ཀྱིས་གསེར་ཐར་རྫོང་དམངས་འཚོ་ལས་གྲྭ་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་ཚོགས་འདུའི་ཐོག་ཤུགས་ཆེན་པོས་
  • དོ་སྣང་ཆེ་བའི་རྩོམ།