སྐལ་ཐུབ་ཀྱིས་བསྡུས། ཚེ་དཔག་གིས་པར་བླངས། 2014-11-27
3 ས་འགུལ་ཡོང་དུས་རང་སྐྱོབ་བྱེད་ཐབས་དང་པོ།
གཏོར་བཤིག་རང་བཞིན་ལྡན་པའི་ས་འགུལ་ཡིན་ན་མིས་ཡོམ་འགུལ་བྱེད་པ་ཤེས་ཚོར་བྱུང་བ་ནས་ཁང་པ་སོགས་འཛུགས་སྐྲུན་དངོས་པོ་གཏོར་བཤིག་གཏོང་བའི་བར་ཆ་སྙོམས་སྐར་ཆ12ལས་མེད་པས་དུས་ཚོད་ཐུང་ངུ་འདིའི་ནང་དུ་སེམས་གཏན་ནས་འཚུབ་མི་རུང་ཞིང་རང་ཉིད་སྡོད་སའི་ཁོར་ཡུག་ལ་བལྟས་ནས་ཉེན་མེད་ཀྱི་བྲོས་ཐབས་འཚོལ་དགོས། གལ་ཏེ་ཞབས་ཁང་དུ་སྡོད་ཡོད་ན་ཕྱིར་མགྱོགས་པོར་རྒྱུག་ཆོག་ཅིང་གལ་ཏེ་ཐོག་ཁང་དུ་སྡོད་ཡོད་ན་ཁང་ཐོག་ནས་མཆོང་མི་རུང་ཞིང་དེ་མ་ཐག་མེ་གློག་རླངས་སོགས་ཞི་རུ་བཅུག་དགོས་པ་དང་། གནས་སྐབས་རྒྱ་ཁྱོན་ཆུང་བའི་ས་དང་གྲུ་གསུམ་ས། ཅོག་ཙེ་དང་ཉལ་ཁྲི་སོགས་ཀྱི་འོག་ཏུ་གབ་དགོས། ས་འགུལ་འཇགས་རྗེས་དེ་མ་ཐག་ཕྱིར་ཡོང་དགོས་ཤིང་ས་འགུལ་གྱི་རྡོག་ལན་ཡོང་བར་སྔོན་འགོག་བྱ་དགོས།
4 ས་འགུལ་ཡོང་དུས་རང་སྐྱོབ་བྱེད་ཐབས་གཉིས་པ།
སློབ་གྲྭ་དང་ཚོང་ཁང་གློག་བརྙན་ཁང་སོགས་མི་མང་འདུས་སྡོད་བྱེད་ཡུལ་དུ་ས་འགུལ་ཡོང་བ་དང་འཕྲད་ཚེ་དེ་མ་ཐག་མདུན་ཅོག་དང་རྐུབ་སྟེགས་སོགས་དངོས་པོ་སྲ་མོའི་འོག་ཏུ་གབ་པ་དང་། ས་འགུལ་འཇགས་རྗེས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་བྲོས་དགོས། དགེ་རྒན་སོགས་ཡུལ་དངོས་ཀྱི་ལས་སྒྲུབ་མི་སྣས་ངེས་པར་དུ་སེམས་རྣལ་དུ་ཕབ་ནས་མི་རྣམས་ལ་ས་དེ་གར་འགུལ་བྱོལ་བྱ་དགོས་པ་དང་སེམས་འཚུབ་མི་རུང་བའི་སེམས་གསོ་ཁ་བརྡ་ལབ་པ་སོགས་ཀྱིས་བཀོད་འདོམས་བྱེད་དགོས་པ་ལས་འགོ་ཁྲིད་ནས་གང་མོས་རྒྱུག་མི་རུང་། མི་ཚང་མ་སྒྲིག་ལམ་མེད་པ་གང་སར་རྒྱུག་པ་ཡིན་ན་ས་འགུལ་གྱིས་མི་མ་གསོད་གོང་དུ་མི་རྣམས་ཀྱི་ལས་སྟངས་འཛོལ་ནས་ཤི་རྨས་མང་པོ་བཟོ་སྲིད་པ་ནི་སྔོན་གྱི་ཉམས་མྱོང་གིས་ར་སྤྲོད་བྱས་ཡོད།
5 ས་འགུལ་ཡོང་དུས་རང་སྐྱོབ་བྱེད་ཐབས་གསུམ་པ།
གལ་ཏེ་ཁྲོམ་ལམ་དུ་འགྲོ་དུས་ས་འགུལ་ཡོང་བ་དང་འཕྲད་ཚེ་ལག་པས་མགོ་བོ་བཀབ་སྟེ་ཐོག་ཁང་ཆེན་པོ་དང་ཐག་རིང་བྱོལ་དགོས། བྱེས་སུ་ས་འགུལ་ཡོང་བ་དང་འཕྲད་ཚེ་བྲག་དང་རི་གཟར་ཆུ་འགྲམ། གློག་ཤིང་དང་མཐོ་གནོན་གློག་སྐུད་སོགས་ལས་བྱོལ་གང་ཐུབ་བྱ་དགོས་ཤིང་། རླངས་འཁོར་དང་མེ་འཁོར་གཏོང་བཞིན་པའི་སྒང་ཡིན་ན་དེ་མ་ཐག་འཁོར་རིགས་སྒག་དགོས།
6 ས་འགུལ་ཡོང་དུས་རང་སྐྱོབ་བྱེད་ཐབས་བཞི་པ།
གལ་ཏེ་སྟབས་མ་ལེགས་པ་ས་འགུལ་ཁྲོད་དུ་ཁང་པ་སོགས་ཤིག་རོས་མནན་པ་ཡིན་ན་སེམས་རྣལ་དུ་ཕབ་སྟེ་རང་སྐྱོབ་བྱེད་ཐབས་འཚོལ་དགོས། ལུས་ཤུགས་མི་ཟད་པའི་ཐབས་ལ་འབད་དགོས་པ་མ་ཚད་ཆུ་དང་ཟས་རིགས་འཚོལ་ནས་གསོན་པའི་ཆ་རྐྱེན་བསྐྲུན་ཏེ་རོགས་སྐྱོར་མི་སྣ་སྒུག་དགོས།
7 ས་འགུལ་ཡོང་དུས་རང་སྐྱོབ་བྱེད་ཐབས་ལྔ་པ།
ས་འགུལ་ཡོང་དུས་སེམས་འཚབ་འཚུབ་ཀྱིས་བསམ་བློ་ཁྱོན་ནས་མི་གཏོང་བར་ཕྱིར་བྲོས་མི་རུང་། ཁང་ཐོག་གི་ཤེལ་སྒོ་སོགས་ཅ་དངོས་རྣམས་མར་ལྷུང་ནས་ཤི་རྨས་བྱ་སྲིད་པས་སེམས་རྣལ་དུ་ཕབ་ཐུབ་པ་ནི་ས་འགུལ་ཡོང་དུས་གནད་འགག་ནང་གི་ཡང་གནད་ཡིན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10