ཕི་རྫོང་སློབ་གསོ་ཅུས་ཀྱིས་རྟའུ་སློབ་གསོ་ལ་ཁ་གཏད་རོགས་སྐྱོར་བྱས།

        2013-05-13

ཉེ་ཆར།ཕི་རྫོང་སློབ་གསོ་ཅུས་ཀྱིས་རྟའུ་རྫོང་ཆུང་བ་ལྔའི་ལས་གྲྭར་ཞལ་འདེབས་རྒྱག་པའི་མཛད་སྒོ་དེ་རྟའུ་རྫོང་དམའ་འབྲིང་དང་པོ་རུ་གཟབ་རྒྱས་ངང་སྤེལ་བ་རེད། ལེགས་སྐྱེས་ཕུལ་བའི་མཛད་སྒོའི་ཐོག་ཕི་རྫོང་སློབ་གསོ་ཅུས་ཀྱིས་རྟའུ་རྫོང་གི་སློབ་གྲྭ42ལ་སྒོར་ཁྲི45རི་བའི་སློབ་གསོའི་ཆ་འཕྲིན་སྒྲིག་ཆས་ཞལ་འདེབས་བརྒྱབ་ཡོད། དེའི་ནང་གློག་ཀླད་ཆ42དང་། པར་འདེབས་འཕྲུལ་ཆས་ཆ42 ། བརྙན་འཕྲིན་ཆ100 ། DVD་ཆ100དང་སློབ་གསོའི་མཉེན་ཆས་ཆ100འདུས་ཡོད་པ་རེད།
    སློབ་གསོའི་སྒྲིག་ཆས་ཞལ་འདེབས་རྒྱག་པའི་མཛད་སྒོ་དེས་སློབ་གྲྭའི་ལས་སྒྲུབ་ཆ་རྐྱེན་ལེགས་སུ་བཏང་ཡོད་པར་མ་ཟད།ད་དུང་སློབ་གྲྭ་འཛུགས་སྐྱོང་བྱེད་པའི་ཆ་རྐྱེན་མཐོར་འདེགས་བཏང་ནས་སློབ་གྲྭའི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་དམིགས་ཡུལ་མངོན་འགྱུར་ཡོང་གང་ཐུབ་བྱས།
  • ལེ་ཚན་རྗེས་མ།: ཧུའུ་ཁྲང་ཧྲེང་གིས་ཆུ་གློག་གནས་སྤོ་ཡུལ་མི་ལས་ཀའི་ཚོགས་འདུ་ཐོག་ཏུ་གསུངས་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།