དཀར་མཛེས་རྫོང་གིས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་གྲོང་གསེབ་ཏུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས།

(སྒྲོལ་མ་མཚོ་ཚེས།)        2013-03-04

དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་གྱི་སྐབས་སུ།དཀར་མཛེས་རྫོང་གིས་རིག་གནས་དང་ཚན་རྩལ།འཕྲོད་བསྟེན།ཁྲིམས་ལུགས་བཅས་བཞི་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་ཚ་ཚ་འུར་འུར་གྱིས་སྤེལ་བ་རེད།རྫོང་དེའི་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རིག་གནས་ལུས་རྩལ་རྒྱང་བསྒྲགས་རྒྱུ་ལྗོངས་ཅུས་དང་ཞིང་འབྲོག་དང་ཚན་རྩལ་ཅུས།འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཅུས།ཁྲིམས་འཛིན་ཅུས་སོགས་སྡེ་ཚན་གྱི་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་ཤར་ཕྱོགས་འོ་མཚོ་ཤང་གི་འབྲོག་པའི་གཞིས་ཆགས་ས་དང་།ཀ་རག་ཤང་།ཞི་ཚེ་ཤང་བཅས་སུ་ཕྱིན་ནས་ཡུལ་དེ་དག་གི་ཞིང་འབྲོག་མང་ཚོགས་ལ་དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་གྱི་སྐབས་སུ་དམིགས་བསལ་གྱི་ལེགས་སྐྱེས་འབུལ་བ་རེད།
གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་དངོས་སུ་མཐོང་རྒྱུར།རིག་གནས་སྡེ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་བྱས་པའི་རིག་རྩལ་ལེ་ཚན་དེ་བཞི་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་མང་ཚོགས་ཀྱི་མིག་ལམ་དུ་མཐོང་བཅུག་པ་རེད།དགའ་སྟོན་ཆེ་བའི་འགྱུར་ཁུལ་དང་།དགའ་སྤྲོ་འཁོལ་བའི་ཞབས་བྲོ།སྐད་གསང་མཐོ་བའི་སྙན་པའི་གླུ་དབྱངས་ལ་ལྟད་མོ་བ་རྣམས་ཀྱིས་ཡིད་སྤྲོ་བའི་ཐལ་སྒྲ་ཡང་ཡང་བརྡབས་པ་རེད།
  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་སྡེ་ཁུལ་གྱིས་རོང་བྲག་རྫོང་ཆུ་འདུ་ཁའི་ཟམ་ཆེ་བསྐྲུན་རོགས་བྱས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་སྤྱི་བདེ་ཅུས་ཀྱིས་གྲོན་ཆུང་གི་བྱེད་སྒོ་ནན་ཏན་སྤེལ།
  • དོ་སྣང་ཆེ་བའི་རྩོམ།