2014-11-24
ཟླ་བ11པའི་ཚེས24ཉིན།ཁུལ་དཔོན་ཡེ་ཤེས་ཟླ་བ་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་གྲོང་འགོ་གྲོང་སྡེ་ལ་ས་འགུལ་གྱིས་གནོད་སྐྱོན་ཕོག་པའི་གནས་ཚུལ་ཞིབ་བསྡུར་བྱེད་པར་ཕེབས།གྲོང་སྡེ་འདིར་ས་འགུལ་གྱིས་གནོད་སྐྱོན་ཆེན་པོ་བཟོས་ཡོད་དེ་རགས་རྩིས་བྱེད་པ་ལྟར་ན་དུད་ཚང57ལ་གནོད་པ་ཆེན་པོ་དང་དུད་ཚང113ལ་འབྲིང་བ་ཙམ།དུད་ཚང12ལ་གནོད་པ་ཆུང་ཙམ་ཐེབས་ཀྱང་མི་ལ་ཤི་རྨས་ཕོག་མེད།
ཆ་སྒྲིག་ལས་བྱེད་པའི་རོགས་རམ་ལ་བརྟེན་ནས་གྲོང་པ་འདིར་གུར51ཕུབ་ཚར་ལ་གློག་དང་ཆུ་ཚང་མ་ཁྲིད་ཚར་བས་བཟའ་བཏུང་དང་བཅས་པ་ལ་དཀའ་གནད་མེད།ཡེ་ཤེས་ཟླ་བས་སྡོད་ཁང་དང་དགོན་པར་གནོད་སྐྱོན་ཕོག་པའི་གནས་ཚུལ་རྒྱུས་ལེན་བྱས་རྗེས་གྲོང་པའི་ལས་བྱེད་པ་དང་ཏང་ཡོན་རྣམས་ཀྱིས་འགོ་ཁྲིད་དེ་འབད་པ་ཆེན་པོས་མང་ཚོགས་རྣམས་ཀྱི་དཀའ་ངལ་སེལ་དགོས་ཞེས་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10