རང་ཁུལ་གྱིས་དྲི་བ་གསུམ་དང་ཐག་གཅོད་གསུམ་གྱི་མང་ཚོགས་ལས་ཀའི་བྱེད་ཐབས་སྤྱད་ནས་དམངས་ལ་ཕན་པ་བསྐྲུན།

སྐལ་བཟང་ཐུབ་བསྟན།        2013-01-22

ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བཏོན་པའི་ལག་ལེན་དཔེར་སྟོན་གནང་བའི་སྲིད་སྐྱོང་བྱེད་སྟངས་དམངས་ལ་དྲི་བ་དང་། ཅི་ཞིག་མཁོ་བ་དམངས་ལ་དྲི་བ། བྱེད་ཐབས་འཆར་འགོད་དམངས་ལ་དྲི་བ་བཅས་ཀྱི་དྲི་བ་གསུམ་དང་། དམངས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་པ་དང་། དམངས་ཀྱི་འགྱོ ད་བདའ་ཐག་གཅོད་བྱེད་པ། དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ་བཅས་ཐག་གཅོད་བྱ་རྒྱུ་གསུམ་གྱི་དྲི་གསུམ་གཅོད་གསུམ་ཞེས་པའི་མང་ཚོགས་ལས་ཀའི་བྱེད་ཐབས་དྲུག་གི་བྱེད་སྒོ་སྤེལ་བ་ནས་བཟུང་། རང་ཁུལ་གྱི་སྤྱི་ཚོགས་དོ་དམ་གྱི་ཕན་ནུས་རང་བཞིན་དང་མི་དམངས་ལ་ཞབས་ཕྱི་བསྒྲུབས་པའི་དམིགས་སའི་རང་བཞིན་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་རེད།
    མིག་སྔར། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ50833གཞི་རིམ་དུ་ཕྱིན་ནས་གཞི་རིམ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ14115ཐག་གཅོད་བྱས་པ་དང་། རིགས་སྣ་ཚོགས་ཀྱི་འགལ་བ་དང་རྩོད་གཞི4000ལྷག་ཙམ་བར་འདུམ་བྱས། རིགས་སྣ་ཚོགས་ཀྱི་བསམ་འཆར་ཁྲི1.6བསྡུས་པ་དང་མི་དམངས་ཀྱི་དཀའ་ངལ་ཁྲི9.3ལ་རྒྱུས་ལོན་བྱས་ཡོད།མང་ཚོགས་ཀྱི་དོགས་གནད་གནད་དོན་ཁྲི7.8ལྷག་ལ་ལན་འདེབས་པ་དང་ཞིང་འབྲོག་དམངས་ཁྲི90ལྷག་ལ་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད་པ་རེད། ཞིང་འབྲོག་དམངས་ཁྲི18ལྷག་ལ་ལག་རྩལ་དང་ཕྱུག་འགྱུར་གྱི་ཆ་འཕྲིན་བློ་འདྲི་མཁོ་འདོན་བྱས། ཞིང་སྡེའི་ཉེན་མེད་འཐུང་ཆུའི་ལས་གྲྭ375གསར་སྐྲུན་བྱས་ནས་མི་གྲངས70267གྱི་འཐུང་ཆུའི་གནད་དོན་ཐག་བཅད་བྱས་ཡོད། ཁུལ་ཡོངས་ཀྱི་རྫོང་རིམ་པའི་འགོ་ཁྲིད་ཡན་གྱི་ལས་བྱེད་པ་དང་དྭ་ཕྲུག3011བར་གཅེས་སེམས་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ་གཅེས་སེམས་འཆང་མཁན་གྱི་ཕ་མ་རུ་གྱུར། རིན་པ་མི་དགོས་པར་ལོ་ན60ཡན་གྱི་གསུམ་མེད་དབང་པོ་སྐྱོན་ཅན་དང་གྲོང་སྡེའི་འགན་ལེན་ལྔའི་དུད་ཚང3749ལ་འཁོར་སྟེགས་དང་ཉན་རོགས་ཡོ་བྱད། འཁར་བ་སོགས་ཀྱི་རམ་འདེགས་སྤྱོད་ཆས་ཆ5563སྤྲད་ཡོད་པ་རེད། དཀའ་ངལ་ཡོད་པའི་མི་སྣར་སྡོད་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི3442.21སྟེར་ཡོད། ཞིང་སྡེའི་དུད་ཚང3024ཡི་ཉེན་ཁ་ཡོད་པའི་ཁང་པ་བཟོ་བཅོས་བྱས་པ་དང་དུད་ཚང1131གི་དྲོ་ཁང་ལ་བཟོ་བཅོས་བྱས་པའི་ནང་དུད་ཚང272ཀྱི་དྲོ་ཁང་ལེགས་འགྲུབ་བྱུང་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆ1215འཛུགས་སྐྲུན་བྱེད་འགོ་ཚུགས། དུད་ཚང1560ལ་གོང་ཁེའི་གླ་ཁང་གླ་སའི་ཁ་གསབ་རོགས་དངུལ་སྤྲད། གྲོང་རྡལ་ཡུལ་མི2496དང་།ལས་ཤོར་མི་སྣ་དང་ས་ཞིང་མེད་པའི་ཞིང་པ261གསར་དུ་ལས་ཞུགས་བྱས། ཞིང་པའི་གླ་པ་མི3415ལ་ལག་རྩལ་གསོ་སྦྱོང་བྱས། ཐུམ་འབུའི་ནད་པ་མིའི་ཐེངས་གྲངས་ཁྲི1.13ལ་རིན་པ་མི་དགོས་པར་སྨན་བཅོས་བྱས། རྒྱལ་གཅེས་དང་ཁྲིམས་སྲུང་། དྲིན་གཟོ་ཡིས་བརྗོད་བྱ་གཙོ་བོ་བྱས་པའི་སྒྲོག་འགྲེལ་ཐེངས1000བྱས་ནས་མང་ཚོགས་ལ་དངོས་ཕན་བསྐྲུན་པ་རེད།
  • ལེ་ཚན་སྔོན་མ།: རང་ཁུལ་གྱིས་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ཡོངས་སུ་ཁྱབ་པའི་ལས་གྲྭ་ལག་བསྟར་བྱས་ཚུལ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་འབྲོག་པ་ཁྲི26བདེ་དྲོད་ཁང་བའི་ནང་དུ་སྤོས།
  • དོ་སྣང་ཆེ་བའི་རྩོམ།