པི་ཧྲི་ཞང་གིས་དཔལ་ཡུལ་རྫོང་བསྟན་ལུང་ཤང་ལ་ཞིབ་དཔྱོད་ཁྲིད་སྟོན་གནང་སྐབས།

(སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།)        2012-11-27

དུས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུལ་ལ་ལྟ་ཉན་བྱས་ནས་མང་ཚོགས་ཀྱི་བསམ་བློ་སློབ་གསོའི་ལས་ཀ་ནན་སྒྲུབ་བྱེད་དགོས་པའི་ཐུགས་རེ་གནང་།
ཟླ་བ11པའི་ཚེས9ཉིན།ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུའི་པུའུ་ཀྲང་པི་ཧྲི་ཞང་དཔལ་ཡུལ་རྫོང་བསྟན་ལུང་ཤང་ལ་ཕེབས་ནས་ཤང་དང་གྲོང་སྡེའི་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་སུ་ལས་དོན་ཁག་སྤེལ་ཚུལ་ལ་ཞིབ་དཔྱོད་ཁྲིད་སྟོན་གནང་བ་རེད།   ཁོང་གིས་ཤང་དང་གྲོང་སྡེའི་ལས་བྱེད་པའི་ཚོགས་འདུ་འཚོགས་པ་དང་།  ཤང་ལྟེ་བའི་སློབ་ཆུང་སོགས་སུ་ལྟ་ཞིབ་གནང་སར་ཕེབས་པ་མ་ཚད་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཆེས་གསར་བའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། 
      པི་ཧྲི་ཞང་གིས་བསྟན་དོན།  ཤང་དང་གྲོང་སྡེའི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུལ་ལ་ལྟ་ཉན་བྱས་ཏེ་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་ལ་ཆ་རྒྱུས་ལོན་པ་བྱེད་དགོས་པ་དང་།  མི་སེམས་ལ་སྐུལ་ལྕག་དང་སྟོབས་ཤུགས་གཅིག་སྒྲིམ།  མཐུན་སྒྲིལ་སྐུལ་སྤེལ།  ལས་དོན་སྐུལ་འདེད་བཅས་བྱེད་དགོས།  མང་ཚོགས་ཀྱི་ཁྲོད་དུ་མི་ཚང་མ་ནི་དྲིལ་བསྒྲགས་པ་ཡིན་པའི་བསམ་པའི་འདུ་ཤེས་བཅངས་ནས་དྲིལ་བསྒྲགས་དཔུང་ཁག་འཛུགས་སྐྲུན་དང་དྲིལ་བསྒྲགས་མི་སྣ།  ཚགས་པར་ཀློག་མཁན་བཅས་གསོ་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ། དུས་ཐོག་ཏུ་ཚོགས་ཆེན་གྱི་དགོངས་དོན་མང་ཚོགས་ཀྱིས་གོ་བདེ་བའི་ཁ་སྐད་དུ་བསྒྱུར་ནས།  རྒྱལ་གཅེས་དང་ཁྲིམས་སྲུང་། དྲིན་གཟོ་ཞེས་པའི་མང་ཚོགས་ལས་ཀའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ལ་བརྟེན་ཏེ།  ཕན་ནུས་ལྡན་པའི་རྣམ་པ་དུ་མ་སྤྱད་དེ་ཏང་དང་སྲིད་གཞུང་གི་སྐད་ཆ་མི་སེར་ཚོའི་སེམས་ནང་དུ་འཇགས་པར་བྱས་ནས་མང་ཚོགས་ཀྱི་བསམ་བློ་སློབ་གསོའི་ལས་ཀ་ནན་སྒྲུབ་བྱེད་དགོས།    པི་ཧྲི་ཞང་གིས་ཤང་དང་གྲོང་སྡེའི་ལས་བྱེད་པ་ཚོས་བསམ་བློ་བཅིངས་འགྲོལ་བཏང་ཞིང་བསམ་ཕྱོགས་འབྱེད་པ།  གསར་གཏོད་དང་ལག་ལེན་བྱེད་ཕོད་པ་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་ཐོག་བསམ་བློ་དང་ཚོད་ལྟ་མང་པོ་བྱས་ཏེ་ལན་བརྒྱ་ཕམ་ཡང་དཔའ་མི་ཉམས་པའི་སྟོབས་ཤུགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བ་བྱས་ནས་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་སྔ་ཙམ་མངོན་འགྱུར་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱེད་པའི་བརྙན་
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ཞིང་པ་གླ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།