སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཨེ་ཙི་འགོག་བཅོས་ཀྱི་འཆད་ཁྲིད་བྱེད་པ།

    མཚོ་སྔོན་པོ་དྲ་བ།    2012-11-26

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཨེ་ཙི་འགོག་བཅོས་ཀྱི་འཆད་ཁྲིད་བྱེད་པ།
ཝིན་རོགས་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་ཀྱི་ལས་ཀ་བ། བོད་ཁུལ་ན་གཞོན་ཨེ་ཙི་འགོག་
བཅོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་
དཔལ་བཟང་བོས་སི་ཁྲོན་ཞིང་ཆེན་
བོད་ཡིག་སློབ་གྲྭར་ཨེ་ཙི་འགོག་བཅོས་ཀྱི་འཆད་ཁྲིད་བྱེད་པ། 

         ཟླ11པའི་ཚེས23ནས24བར། བོད་ཁུལ་ལ་ཨེ་ཙི་སྔོན་འགོག་གི་ཤེས་བྱ་ཁྱབ་སྒྲོག་བྱེད་པ་དང་ཨེ་ཙི་སྔོན་འགོག་གི་ཆེད་ལས་མི་སྣ་བསྡུ་རུབ་དང་གསོ་སྐྱོང་བྱ་བའི་ཆེད་དུ། ཝིན་རོགས་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་ཀྱི་ལས་ཀ་བ། བོད་ཁུལ་ན་གཞོན་ཨེ་ཙི་འགོག་བཅོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་དཔལ་བཟང་བོས་ཉིན་གཉིས་ཀྱི་རིང་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ868ལ་ཨེ་ཙིའི་སྐོར་གྱི་ཤེས་བྱའི་འཆད་ཁྲིད་བྱེད་པ་རེད།  

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཨེ་ཙི་འགོག་བཅོས་ཀྱི་འཆད་ཁྲིད་བྱེད་པ།
འཆད་ཁྲིད་ཀྱི་ཟུར་ཞིག

         འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་ནི་ཨེ་ཙི་ནད་ཀྱི་ལོ་རྒྱུས་རྒྱབ་ལྫོངས་དང་། ཨེ་ཙི་ནད་ཀྱི་འགོ་མཆེད་འཕེལ་རིམ། ཨེ་ཙི་ནད་ཀྱི་འགོག་བཅོས་ཐབས་ལམ། ཨེ་ཙི་ནད་པ་བདག་སྐྱོང་བྱེད་ཐབས། ཨེ་ཙི་ནད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྱབ་སྒྲོག་བཅས་ཡིན་ལ། དུས་ཡུན་ཆུ་ཚོད་གསུམ་ཙམ་གྱི་རིང་ལ། གསུང་བཤད་དང་བགྲོ་གླེང་དང་། དྲི་བ་དྲིས་ལན་བཅས་རྣམ་པ་གསུམ་གྱི་སྒོས་འཆད་ཁྲིད་ཉིདའཁྲུག་ཆ་དོད་པོའི་ངང་སྤེལ་བ་ཡིན།

 

  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཁུལ་རིམ་པའི་ལས་ཁུངས་ཀྱི་མང་ཚོགས་ལས་དོན་གྱི་གསར་འགོད་པ་གསོ་སྐྱོང་སྦྱོ
  • ལེ་ཚན་རྗེས་མ།:ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་ཚོད་གཏོང་བྱེད་པར་ལེགས་འགྲུབ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།