ཡོ་རོབ་ཀྱི་བྲོ་བ་མངར་ལྡན་གྱི་སྲེའུ་ཆེན་པོ་རོང་བྲག་ལ་འདེབས་འཛུགས་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-05-06

ད་ལོའི་དཔྱིད་ཀ་སླེབས་སྐབས་རོང་བྲག་རྫོང་ནགས་ལས་ཅུས་ཀྱིས་བྲོ་བ་མངར་ལྡན་གྱི་སྲེའུ་ཆེན་པོའི་ཤིང་ཕྲུག་ཁྲི4ལྷག་ནང་འདྲེན་བྱས་ནས། དགུན་དུས་སུ་གྲང་ངར་ཆེན་པོ་མེད་ལ་དབྱར་དུས་སུ་ཚ་གདུག་ཆེན་པོ་མེད་པ་ཉི་འོད་འདང་ངེས་ཡིན་པའི་ཤང་དང་གྲོར་རྡལ13ལ་བཙུགས་པ་རེད། ཐོན་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་བྱེད་ཆེད། མགྱོ གས་མྱུར་དུ་དགེ་མཚན་ལྡན་པའི་ཐོན་ཁུངས་དེ་དཔལ་འབྱོར་དགེ་མཚན་དུ་བསྒྱུར་ཐུབ་པ་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་རྨང་གཞི་ཡག་པོ་ཡག་པོ་ཞིག་བཏིང་ཡོད་པ་རེད།
   ཡོ་རོབ་ལ་ཐོན་པའི་བྲོ་བ་མངར་ལྡན་གྱི་སྲེའུ་ཆེན་པོ་དེ་སྨིན་མགྱོ གས་པ་དང་། རྒྱུ་སྤུས་ཡག་པ། བྲོ་བ་ཞིམ་པ་སོགས་ཀྱི་ཁྱད་ཆོད་ལྡན་ལ་དཔྱིད་དུས་ཀྱི་འབྲས་ཤིང་དང་པོ་ཞེས་པའི་མཚན་སྙན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མངར་ལྡན་སྲེའུ་ཆེན་པོ་ནང་འདྲེན་བྱ་རྒྱུའི་ལས་ཀའི་ཐད་ཚད་མཐོན་པོས་མཐོང་ཆེན་བྱས་ནས། 2006ལོར་རྫོང་ནགས་ལས་ཅུས་ཀྱིས་ནུབ་རྒྱུད་ཞིང་ལས་དང་ནགས་ལས་ཚན་རྩལ་སློབ་གྲྭ་ཆེན་མོ་ནས་མངར་ལྡན་སྲེའུ་ཆེན་པོའི་ས་བོན་ནང་འདྲེན་བྱས་པར་མ་ཟད། རྫོང་དེའི་དགེ་ཆུ་རྩ་དང་དཔའ་དབང་ཤང་ལ་འདེབས་འཛུགས་ཚོད་ལྟ་བྱས། ལོ་ཁ་ཤས་རིང་ལྟ་དཔྱད་བྱས་པར་བརྒྱུད་ནས། ལོ་གཉིས་ཀྱི་ཐོག་མེ་ཏོ་ཤར་བ་དང་ལོ་གསུམ་གྱི་ཐོག་འབྲས་བུ་བཏགས་པ་རེད། འབྲས་བུའི་སྤུས་ཀ་ཡག་པོ་ཡིན་པ་དང་བྲོ་བ་ཞིམ་པོ་ཡིན་པས་ས་བོན་ནང་འདྲེན་བྱ་རྒྱུའི་ལས་ཀ་ལེགས་འགྲུབ་བྱུང་ནས་ཚོད་ལྟའི་ས་ཁུལ་གྱི་ས་བོན་མུའུ་རེའི་ཡོང་འབབ་སྒོར་ཁྲི་ཡན་ལ་སླེབས་པ་རེད།
  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནན་འགོག་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བློ་མཐུན་འགྱུར་མེད་རྡོ་རྗེའི་སྔོན་ཐོན་མཛད་རྗེས་སྙན་ཞུའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།