ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-07
དཀར་མཛེས་ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་
བོད་ཀྱི་ཁ་སྐད་གསོ་སྦྱོང་འཛིན་གྲྭ་སྤེལ་བ།
ཉེ་ལམ། དཀར་མཛེས་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ལས་སྒྲུབ་པ80ལྷག་གིས་གཞུང་ལས་ཁང་གི་འགོ་གཙོ་ཨེའེ་ལང་གི་སྣེ་ཁྲིད་འོག་ཁམས་པའི་ཁ་སྐད་སྦྱོང་བརྡར་བྱས། འབྲེལ་ཡོད་འགོ་ཁྲིད་དང་ཚན་ཁག་སོ་སོའི་ལས་སྒྲུབ་པ་རྣམས་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པ་རེད།
ལས་སྒྲུབ་པ་དང་མང་ཚོགས་བར་གྱི་འབྲེལ་འདྲིས་ནུས་ཤུགས་ཇེ་དྲག་དང་། ལས་སྒྲུབ་པ་རྣམས་ཀྱི་གཞི་རིམ་ཞབས་ཞུ་ནུས་ཤུགས་མཐོར་འདེགས། མང་ཚོགས་ལ་བྱ་བ་ལེགས་པོར་སྒྲུབ་པ་བྱེད་ཆེད། དཀར་མཛེས་ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་ཁམས་པའི་ཚིག2000ལྷག་ལེགས་སྒྲིག་བྱས་ཏེ་སྒྲ་དང་པར་རིས། ཡི་གེ་བཅས་ཟུང་དུ་སྦྲེལ་བའི་བརྙན་གཟུགས་བསླབ་གཞི་བསྒྲིགས་ནས་ལས་སྒྲུབ་པ་རྣམས་ལ་སློབ་སྦྱོང་བྱེད་པར་མཁོ་འདོན་བྱས།
འདིས་ལས་སྒྲུབ་པ་རྣམས་ཀྱི་སྐད་བརྡའི་བཀག་རྒྱ་སེལ་བ་དང་། མང་ཚོགས་དང་འབྲེལ་ཟམ་ལེགས་པོ་འཛུགས་ཐུབ་པར་དགེ་མཚན་བསྐྲུན་ལ། རྗེས་ཕྱོགས་ཀྱང་འདི་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་སྤེལ་རྒྱུ་ཡིན་པར་བསྟན་ལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10