སྡེ་རོང་རྫོང་གིས་མཐུན་རྐྱེན་བཟང་བའི་ཐོན་ལས་འདེབས་གསོ་བྱས།

དངོས་གྲུབ་སྒྲོལ་མས་བསྒྱུར།        2014-11-03

ཉེ་དུས་ཀྱི་ལོ་ཁ་ཤས་རིང་ལ་སྡེ་རོང་རྫོང་གིས་ཧུར་ཐག་གིས་མཐུན་རྐྱེན་བཟང་བའི་ཐོན་ལས་འདེབས་གསོ་བྱས་ནས་རྫོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད། 
   ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་འདེབས་གསོ་བྱེད་ཤུགས་ཆེ་རུ་བཏང་བ་སྟེ།  སྤུན་གསུམ་དང་།  སངས་སྨད།རི་ལུང་བཅས་ཀྱི་ཤང་དང་གྲོང་རྡལ་ལ་སྔ་སྨིན་དང་བར་སྨིན་གྱི་ཆང་སྙོལ་བའི་རྒུན་འབྲུམ་ཚོད་ལྟ་དཔེ་སྟོན་བྱེད་ཡས་ཀྱི་སོན་མྱུག་གི་རིགས13གྱི་སྡོང་གྲངས1800ལྷག་ཙམ་འདེབས་འཛུགས་བྱས་ཤིང་།མུའུ1260ལྷག་ཙམ་རྒུན་འབྲུམ་བཏགས་པའི་སྐབས་སུ་སླེབས་ཟིན།  སྔོན་རྩིས་བྱས་ན་ད་ལོའི་རྒུན་འབྲུམ་ཐོན་ཚད་ཏུན800ལྷག་ཙམ་ཡོང་ཐུབ་ཅིང་། ཐོན་རྫས་རིན་ཐང་སྒོར་ཁྲི320ལྷག་ཙམ་ཡོང་ཐུབ།རྒུན་འབྲུམ་འདེབས་ཡུལ་ཞིང་འབྲོག་མི་དམངས་མི་རེར་ཡོང་སྒོ་ཆ་སྙོམས་སྒོར500བསྣན་ཐུབ། དེ་དང་ཆབས་ཅིག་ཏུ་ཧུར་ཐག་གིས་ཞིང་འབྲོག་མི་དམངས་ལ་སི་པན་དང་། སྟར་ག  ཤིང་ཏོག་ཙག་ཙིག་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤུགས་ཆེན་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཏེ།སི་པན་འདེབས་ས་མུའུ1110དང་སྟར་ག་འདེབས་ས་མུའུ་ཁྲི4.5བཙུགས་པ་དང་།སྔོན་རྩིས་བྱས་ན་ལོ་འདིའི་ནང་ཞིང་འབྲོག་མི་དམངས་མི་རེར་ཡོང་སྒོ་སྒོར600ཡན་ཆད་འཕར་ཐུབ།ས་ཁུལ་ཡོངས་སུ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་སྟེ། 《སྡེ་རོང་རྫོང་གི་ཤྭ་ལམ་མཛེས་ལྗོངས་ས་ཁུལ་གྱི་སྐྱེ་ཁམས་ལྗོངས་རྒྱུ་འཆར་གཞིའི་སྤྱི་ཁོག》སྡེབ་སྒྲིག་བྱས་པ་དང། 《སྡེ་རོང་རྫོང་གི་ལྗོངས་རྒྱུ་འཆར་གཞིའི་སྤྱི་ཁོག》དང་།《ཤྭ་ལམ་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་འཆར་གཞིའི་སྤྱི་ཁོག》《ཨྰོཾ་བརྒྱ་གནས་རིའི་ལྗོངས་རྒྱུ་འཆར་གཞི》གཞན་ཡང་ཛིའུ་ཤང་དང་སྤུན་གསུམ་ཤང་།དཀར་ཆེན་གངས་རི་བཅས་ཀྱི་མཛེས་ལྗོངས་ས་ཁུལ་གྱི་ཆེད་གཉེར་འཆར་གཞི་སྒྲིག་བཟོ་བྱ་འགོ་ཚུགས་ཤིང་། ཤྭ་ལམ་མཛེས་ལྗོངས་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོ གས་མྱུར་གཏོང་བ་དང་། གནོད་སྐྱོན་རྗེས་སུ་བསྐྱར་འཛུགས་བྱེད་པའི་གོ་སྐབས་ལ་བརྟེན་ནས།4Aརིམ་པའི་ཚད་གཞི་ལྟར་ཝ་ཁ་བོད་ཀྱི་ཞིང་ལྡུམ་ལྗོངས་རྒྱུ་ཡུལ་སྲོལ་གྲོང་རྡལ་ཆུང་ཆུང་གསར་འཛུགས་བྱ་རྒྱུ་དང་།སྡེ་རོང་རྫོང་དེ་ཤམ་བྷ་ལ་ཆེན་པོ་ཞེས་པའི་ལྗོངས་རྒྱུའི་བགྲོད་ལམ་ཐོག་གི་ས་ཚིགས་གལ་ཆེན་ཧུར་ཐག་གིས་བསྐྲུན་ནས།2016ལོར་ལྗོངས་རྒྱུའི་ཡོང་སྒོ་སྒོར་དུང་ཕྱུར4ཡོང་རྒྱུར་བརྩོན་ལེན་བྱ་རྒྱུ།གོ་རིམ་ལྡན་པའི་ངང་ཆུ་གློག་ཐོན་ལས་འཕེལ་རྒྱས་གཏོང་བ་སྟེ།ཀུའུ་ཤོད་གློག་འདོན་ས་ཚུགས་ལ་མ་དངུལ་སྒོར་དུང་ཕྱུར1.98བཏང་ནས་ལོ་འཁོར་མ་དངུལ་འཇོག་པའི་ལས་འགན་གྱི་བརྒྱ་ཆ65%འགྲུབ་ཅིང་སང་ལོའི་ལོ་འགོར་གློག་འདོན་འགོ་ཚུགས་པ་བྱ་རྒྱུ།ཆུས་ཤོད་གློག་འདོན་ས་ཚུགས་ལ་མ་དངུལ་སྒོར་ཁྲི9118བཏང་ནས་ལོ་འཁོར་མ་དངུལ་འཇོག་པའི་ལས་འགན་གྱི་བརྒྱ་ཆ37%འགྲུབ་པ་དང་།སྔོན་རྩིས་བྱས་ན2017ལོར་གློག་འདོན་ཐུབ་རྒྱུ་རེད། 
  • ལེ་ཚན་སྔོན་མ།:རྒྱལ་ཁབ་སྨན་བཅོས་རུ་ཁག་གི་ཆེད་རམས་པ་ཚོས་མང་ཚོགས་ལ་འོས་བརྟག་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་ཡི་དམངས་གཉེར་ཁེ་ལས་གྲགས་ཅན་ཉི་ཤུ་ལྷག་རང་ཁུལ་དུ་མ་འཇོག་མཉམ་ལས་བྱེད་སར་ཡོང་།
  • དོ་སྣང་ཆེ་བའི་རྩོམ།