རང་ཁུལ་གྱིས་ཤར་རྒྱུད་སྡེ་ཁུལ་གྱི་གལ་ཆེའི་རྣམ་གྲངས་ལ་སྐུལ་སྤེལ་བྱེད་པའི་ཚོགས་འདུ་འཚོགས།

(ཡེ་མིང་གིས་བྲིས།)        2012-06-28

  ཟླ་བ6པའི་ཚེས22ཉིན་དཀར་མཛེས་ཁུལ་གྱིས2012ལོའི་ཤར་རྒྱུད་ཀྱི་གལ་ཆེའི་རྣམ་གྲངས་ལ་སྐུལ་སྤེལ་བྱེད་པའི་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློ་ཚོགས་འདུའི་ནང་ཞུགས་པས་མ་ཚད་གསུང་བཤད་གནང་།
    བྱམས་བློས་བསྟན་དོན།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གལ་ཆེའི་རྣམ་གྲངས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས།ཡུན་རིང་བདེ་འགོད་ཀྱི་གལ་ཆེའི་གནད་དོན་ལ་བརྩིས་ནས་དམ་འཛིན་བྱེད་བཞིན་ཡོད།ཐེངས་འདིར་ཆེད་དུ་ཤར་རྒྱུད་སྡེ་ཁུལ་གྱི་གལ་ཆེའི་རྣམ་གྲངས་ལ་སྐུལ་སྤེལ་བྱེད་པའི་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་རང་ཁུལ་ཤར་རྒྱུད་ཀྱི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ནང་གནས་པའི་གནད་དོན་ལ་ནན་ཏན་གྱིས་དབྱེ་ཞིབ་བྱེད་ཆེད་ཡིན་པས་མ་ཚད།དུས་ཐོག་ཏུ་སྤྱོད་གོ་ཆོད་པའི་བྱེད་ཐབས་སྤྱོད་ནས་ཤར་རྒྱུད་ཀྱི་རྫོང་ཁག་བཞིའི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོ གས་སུ་གཏོང་རྒྱུ་དེ་རེད།འབྲེལ་ཡོད་རྫོང་དང་སྡེ་ཁག་སོ་སོས་དངོས་གནས་ཀྱིས་འགན་སེམས་དང་ལོ་རྒྱུས་ཀྱི་འགན་སེམས།ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཀྱི་ནུས་པའི་འབྱུང་ཁུངས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་སྤེལ་བྱེད་དགོས།ནུས་ཤུགས་ཡོད་རྒུས་རྒྱུན་མཐུད་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་རྣམ་གྲངས་གསར་པ་ལས་འགོ་འཛུགས་པར་བརྟེན།ལོ་ཧྲིལ་པོའི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་དང་མ་དངུལ་གཏོང་འཇོག་གི་དམིགས་ཡུལ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་གང་ཐུབ་བྱེད་དགོས།
    བྱམས་བློས་ཐུགས་རེ་གནང་རྒྱུར།གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་རིམ་ཁག་ཏང་ཨུ་དང་སྲིད་གཞུང་།ཆུ་གློག་རྣམ་གྲངས་ཀྱི་ཁེ་ལས་བདག་པོས་སྔོན་དུ་ཡུལ་མི་གནས་སྤོ་དངརྗེས་སུ་འཛུགས་སྐྲུན་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གནས་སྤོ་ཡུལ་མི་ཚོས་ཆེས་སེམས་ཁུར་དང་།ཐད་ཀ།དངོས་གནས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིས་འགོ་འཛུགས་ས་དང་།བརྟན་བརླིང་ངང་གནས་སྤོ་ཡུལ་བཀོད་སྒྲིག་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས།དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱ་རྒྱུ་ཡིས་དམིགས་ཡུལ་བྱེད་དགོས།གནས་སྤོ་ཡུལ་མིའི་གྲོང་སྡེ་གསར་པ་བསྐྲུན་རྒྱུས་གཙོ་བོ་བྱས་ཏེ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན།གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་ས་དེ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་ཞིང་སྡེ་གསར་པ་ད་ང་།ཉེན་མེད་བདེ་འཇགས་ཀྱི་འཆམ་མཐུན་གྲོང་སྡེ་དང་ཁོར་ཡུག་མཛེས་པའི་སྐྱེ་ཁམས་ཀྱི་གྲོང་སྡེ་སྐྲུན་གང་ཐུབ་བྱེད་དགོས།
  • ལེ་ཚན་སྔོན་མ།:གླུ་དང་གར་གྱིས་ཏང་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་ཚོགས་ཆེན་བཅོ་བརྒྱད་པ་ལ་བསུ་བ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཏང་བཙུགས་ནས་ལོ91འཁོར་བར་དྲན་གསོ་ཞུ་བའི་བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།