རོང་བྲག་རྫོང་གིས་ཞིང་སྡེ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
ལྷ་འཛོམས་ཀྱིས་བསྒྱུར། 2014-10-23
རོང་བྲག་རྫོང་དེ་ཞིང་ཆེན་ཡོངས་ཀྱི་ཚོ་གཉིས་པའི་ཞིང་སྡེ་གསར་པའི་འཛུགས་སྐྲུན་ཡུག་འབྲེལ་སྐུལ་སྤེལ་གཏོང་བའི་དཔེ་སྟོན་རྫོང་དུ་གཏན་ཁེལ་བྱས་པ་ནས་བཟུང་།རྫོང་ཡོངས་སུ་ཐོན་ལས་ཀྱིས་རྒྱབ་སྐྱོར་དང་དཔེ་སྟོན་གྱིས་སྐུལ་ཁྲིད།གཙོ་གནད་འགག་གཏོར།ནུས་པས་ལྕོགས་ཚོད་སྒྲུབ་པ་བཅས་ལས་ཀའི་བསམ་ཕྱོགས་ལྟར་དཔེ་སྟོན་རྫོང་དུ་སྐྲུན་རྒྱུར་སྐུལ་འདེད་མགྱོགས་པར་བཏང་ཞིང་།ད་ལོར་རྫོང་དེས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི3300བཏང་ནས་གྲོང་སྡེ15ལ་ཞིང་སྡེ་གསར་པའི་འཛུགས་སྐྲུན་བྱས།ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་དེས་དཔེ་སྟོན་ཡུལ་འབྲེལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཞག་ནས་ཁྱོན་ཡོངས་ལ་བསམ་བློ་གཏོང་ཞིང་།འབྲུ་རིགས་ཐོན་ལས་དང་ར་ཕག་གསོ་ཚགས།སྤུས་ལེགས་ཀྱི་སིལ་སྐམ།དགུན་འབྲུ་ཆང་ལས།གྲོང་གསེབ་ལྗོངས་རྒྱུ་བཅས་ཐོན་ལས་ཆེན་པོ་ལྔར་དམིགས་ནས་ཚོང་རས་ཁྲིད་སྟོན་བྱེད་ཡས་བྱས་ནས་ཞིང་ལས་དང་འཕྲོད་ན་ཞིང་ལས་བྱེད་པ་དང་འབྲོག་ལས་དང་འཕྲོད་ན་འབྲོག་ལས་གཉེར་བ།ནགས་ལས་དང་འཕྲོད་ན་ནགས་ལས་གཉེར་བ།ལྗོངས་རྒྱུ་ལས་དང་འཕྲོད་ན་ལྗོངས་རྒྱུ་སྣེ་ལེན་གཉེར་བ་བཅས་དགེ་སྤེལ་སྐྱོན་སྤངས་བྱས་ཤིང་གྲོང་སྡེ་ཚང་མའི་གཙོ་ཁྲིད་ཐོན་ལས་གཅིག་གྱུར་འཆར་འགོད་བྱས་ནས་ཕན་ཚུན་བརྗེ་རེས་ཀྱིས་འཕེལ་རྒྱས་གཏོང་བ་རེད།
རོང་བྲག་རྫོང་གི་དཔའ་དབང་ཤང་ཆུ་དྲུག་གྲོང་སྡེའི་གྲོང་མི་ལོ་ན62སོན་པའི་ཤཱཀྱ་ནོར་བུས་སྔོན་མར་མ་རྨོས་ལོ་ཏོག་དང་གྲོ་འདེབས་ནས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི800མ་གཏོགས་མེད།2007ལོ་ནས་བཟུང་དགུན་འབྲུ་རྨོ་བཞི་བཏབ་ཡོད་པས།2009ལོར་དགུན་འབྲུ་བཏགས་ནས་ཡོང་འབབ་སྒོར1080ཡོད་པ་དང་ད་ལོར་ཡོང་འབབ་སྒོར་ཁྲི་ཁར་ལངས་པ་རེད་ཅེས་བཤད། དེ་དང་དུས་མཉམ་དུ་རྫོང་དེས་ཞིང་སྡེ་གསར་པའི་འཛུགས་སྐྲུན་བྱེད་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་ཞིང་།སྐྱེ་ཁམས་དང་སྡོད་འོས་པའི་ཞིང་སྡེ་གསར་པ་ཞིག་སྐྲུན་གང་ཐུབ་བྱས།མིག་སྔར་སླེབས་དུས་རྫོང་ཡོངས་ཀྱི་དུད་ཚང1100ཡི་སྡོད་ཁང་གི་ཕྱི་ཚུལ་བཟོ་བཀོད་ལེགས་བཅོས་བྱས་ཟིན་ལ་གྲོང་སྡེའི་ནང་ཁོངས་ལ་སྨི500ལྷག་ཙམ་གྱི་རྡོ་གཅལ་ལམ་དང་སྨི2000ལྷག་ཙམ་གྱི་སྲ་མཁྲེགས་ཅན་གྱི་ལམ་ཡང་ལས་ཚར་བ་རེད། །