གློག་དྲྭ་ཁེར་སྐྱོད་དང་དགུན་ཁར་གློག་མི་འདང་བའི་ལོ་རྒྱུས་མཇུག་འགྲིལ།

བདེ་སྐྱིད་ཀྱིས་བསྒྱུར།        2014-10-20

གློག་དྲྭ་ཁེར་སྐྱོད་དང་དགུན་ཁར་གློག་མི་འདང་བའི་ལོ་རྒྱུས་མཇུག་འགྲིལ།
 

ཉག་རོང་རྫོང་གི་གློག་ཤུགས་མཁའ་ལམ་གྱི་ཨར་ལས་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་།
   ཟླ་བ9པའི་ཚེས26ཉིན།  ཀོང་ཨན་གློག་སྤྲོད་སྤྱི་གཉེར་ཁང་གིས་འགན་ཁུར་ནས་འཛུགས་སྐྲུན་བྱེད་པའི་དཀར་མཛེས་རྫོང་དང་ཉག་རོང་རྫོང་གི་གློག་ཤུགས་མཁའ་ལམ་གྱི་གློག་སྐྱེལ་གློག་སྒྱུར་ཨར་ལས་དེ་དངོས་སུ་ལེགས་འགྲུབ་བྱུང་བ་རེད།  དུས་དེ་ནས་བཟུང་ཉག་རོང་རྫོང་གི་གློག་དྲྭ་དང་རྒྱལ་ཁབ་གློག་དྲྭ་བར་འབྲེལ་མཐུད་བྱས་པས་གློག་དྲྭ་ཁེར་སྐྱོད་དང་དཔྱིད་དགུན་གྱི་དུས་སུ་གློག་མི་འདང་བའི་ལོ་རྒྱུས་ཀྱི་མཇུག་འགྲིལ་བ་རེད།
   ངོ་སྤྲོད་བྱས་པ་ལྟར་ན།    དུས་ཡུན་རིང་པོར་རྫོང་དེའི་མང་ཚོགས་ཀྱིས་མཆོད་མེ་དང་སྒྲོན་མེ་གསལ་ཆར་བརྟེན་ཞིང་ཤིང་འབུད་ནས་དྲོད་ལེན་པའི་འཚོ་བར་རོལ་གྱི་ཡོད།  1981ལོའི་ཟླ་བ10པར་ཐེངས་དང་པོ་ཆུ་གློག་ས་ཚུགས་ཆུང་ཆུང་ཞིག་འཛུགས་ཐུབ་པ་ནས་མཆོད་མེ་དང་པྲ་ཚིལ་སྒྲོན་མེ་སྤར་བའི་ལོ་རྒྱུས་ཀྱི་མཇུག་འགྲིལ།  རྫོང་ཡོངས་སུ་ཆུ་གློག་ས་ཚུགས12བཙུགས་ཡོད་མོད། འོན་ཀྱང་གློག་དྲྭས་དབྱར་དུས་སུ་ཆུ་གློག་སྤྱོད་མི་ཚར་ཞིང་གློག་ཡོད་ཀྱང་ཕྱིར་སྐྱེལ་མི་ཐུབ་པ་དང་།  དགུན་ཁར་ཆུ་གློག་གཏོང་མི་ཐུབ་པ་དང་གློག་ཤུགས་ནང་ལ་སྐྱེལ་མི་ཐུབ་པའི་གློག་དྲྭ་ཁེར་སྐྱོད་བྱེད་པའི་གནས་བབ་ལ་ལྷུང་ཡོད།
2013ལོའི་ཟླ་བ8པར། གློག་ཤུགས་མཁའ་ལམ་གྱི་ཨར་ལས་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་མ་དངུལ་སྒོར་དུང་ཕྱུར186བཏང་ནས་ཁུལ་ཡོངས་ཀྱི་ས་མཐའ་གྲོང་གསེབ898ཀྱི་མི་ཁྲི20ལྷག་ལ་གློག་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་འཆར་གཞི་བཀོད།   དེའི་ནང་རྫོང་དེའི་གློག་ཤུགས་མཁའ་ལམ་གྱི་གློག་སྐྱེལ་གློག་སྒྱུར་ཨར་ལས་ཐད་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2.8358བཏང་ཡོད་ཅིང་། དེའི་ནང་ཉག་རོང་རྫོང་གི་གློག་སྟོང་ཧྥུ110ཅན་གྱི་གློག་སྐྱེལ་གློག་སྒྱུར་གྱི་ཨར་ལས་དང་ཉག་རོང་རྫོང་ནས་ལྷ་རི་མ་ཤང་བར་གྱི་གློག་སྟོང་ཧྥུ35ཅན་གྱི་གློག་སྐྱེལ་གློག་སྒྱུར་གྱི་ཨར་ལས་སོགས་རྣམ་གྲངས4འདུས་ཡོད།    
  • ལེ་ཚན་སྔོན་མ།:ཁྲོན་བོད་གློག་དྲྭ་སྦྲེལ་བའི་ཨར་ལས་ཟླ་འདིར་གློག་གཏོང་ཚོད་ལྟ་བྱ་ཐུབ་རེ་ཡོད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་ནན་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།