རང་ཁུལ་གྱིས་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་ཟོང་རྟགས་དྲག་ཅན་གསར་སྐྲུན་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-10-16

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རང་ཁུལ་གྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཀྱི་ཟོང་རྟགས་གྲགས་ཅན་གསར་སྐྲུན་བྱ་རྒྱུར་མཐོང་ཆེན་བྱས་པ་དང་། ཁུལ་ཞིང་ལས་སྡེ་ཁག་གིས་རང་ཁུལ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་སྐད་གྲགས་མཐོར་འདེགས་བཏང་ནས།ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་འགྲན་བརྩོན་ནུས་ཤུགས་ཇེ་དྲག་ཏུ་གཏོང་ཐུབ་པའི་ཆེད་དུ།ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསུམ་དང་ས་བབ་མཚོན་རྟགས་གཅིག་གི་ཡིག་ཐོག་སྙན་ཞུའི་ལས་ཀ་སྒྲུབ་ནུས་དངོས་སུ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསར་སྐྲུན་བྱེད་པའི་ཐད་ཐོག་མའི་གྲུབ་འབྲས་ཐོབ་པ་དང་ད་ལོའི་ལོ་སྟོད་དུ་ཁུལ་ཡོངས་སུ་ལྷད་མེད་ཟས་རིགས1དང་། སྐྱེ་ལྡན་ཟས་རིགས2 །ཞིང་ལས་ཐོན་རྫས་ཀྱི་ས་བབ་མཚོན་རྟགས2བཅས་གསར་དུ་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་ཏེ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ལ་གངས་ལྗོངས་ཁམས་པ་ས་ཁོངས་ཀྱི་ཟོང་རྟགས་གྲགས་ཅན་ཞེས་ཡིག་ཐོག་སྙན་ཞུ་དང་ཐོ་འགོད་བྱས་ཐུབ་པ་རེད།    ཁུལ་ཡོངས་ཀྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ས་ཁོངས་ཀྱི་ཟོང་རྟགས་གྲགས་ཅན་གསར་སྐྲུན་བྱེད་པ་དང་།སྡེ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས།གཙོ་ཁྲིད་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསུམ་དང་ས་བབ་མཚོན་རྟགས་གཅིག་གི་སྙན་ཞུ་དང་དཔང་དངོས་བདེན་པ་ཡིན་མིན་གྱི་ར་སྤྲོད་བྱ་རྒྱུའི་ལས་ཀ་སྣེ་ཁྲིད་བྱེད་གང་ཐུབ་བྱས་ཏེ་རང་ཁུལ་གྱི་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་རིམ་བཞིན་དུ་རྒྱ་སྐྱེད་གཏོང་བ་དང་།  ནུས་ཤུགས་གང་ཡོད་ཀྱིས་སྤུས་དག་དང་སྐད་གྲགས་ལྡན་པའི་ལྗོངས་རྒྱུའི་ཐོན་རྫས་ཚན་པ་ཞིག་གསོ་སྤེལ་བྱ་རྒྱུ་རེད།     ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསོ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་སྟེ།ད་ལོར་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་མུའུ་ཁྲི18གཏན་ཁེལ་བྱ་རྒྱུ་དང་།ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསུམ་དང་ས་བབ་མཚོན་རྟགས་གཅིག་གི་ཞིང་ལས་ཐོན་རྫས37གསར་དུ་ཡིག་ཐོག་སྙན་ཞུ་དང་དཔང་དངོས་བདེན་པ་ཡིན་མིན་གྱི་ར་སྤྲོད་ཐོ་འགོད་བྱ་རྒྱུ་བཙོན་ལེན་བྱ་རྒྱུ་རེད། དེའི་ནང་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས25དང་། ལྷད་མེད་བཟའ་ཆས4 ། ཞིང་ལས་ཐོན་རྫས་ཀྱི་ས་བབ་མཚོན་རྟགས4།ཐོ་འགོད་བྱས་པའི་ཞིང་ལས་ཐོན་རྫས་ཀྱི་ས་བབ་ཚོང་རྟགས4བཅས་ཡོད། ད་ལོར་ཁུལ་ཡོངས་སུ་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཧྲིལ་པོར་གཏན་ཁེལ་བྱེད་པའི་ལས་ཀ་དེ་རྫོང18ལ་ཡོངས་སུ་ཁེབས་ཐུབ་པ་དང་། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་མུའུ་ཁྲི100ཡན་ལ་བསླེབས་ནས་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསུམ་དང་ས་བབ་མཚོན་རྟགས་གཅིག་གི་ཞིང་ལས་ཐོན་རྫས133ལ་བསླེབ་ཐུབ་རྒྱུ་རེད།  ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་ལས་གཉེར་དང་ཕྱིར་འཚོང་བྱ་རྒྱུའི་ལས་ཀར་ཤུགས་སྣོན་རྒྱག་པ་སྟེ། ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་ཁྲིད་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ནུབ་བརྒྱུད་དངོས་མང་སྟོན་ཚོགས་དང་ཞིང་ལས་ཐོན་རྫས་ཉོ་ཚོང་བྱེད་པའི་དངོས་མང་སྟོན་ཚོགས་སོགས་ལ་ཞུགས་ཏེ་ཞིང་ལས་ཐོན་རྫས་གཤམ་སྟོན་དང་ཕྱིར་འཚོང་གི་བྱེད་སྒོ་སྤེལ་བ་དང་།ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་གསར་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།རང་ཁུལ་གྱི་ཞིང་ལས་ལ་མུ་མཐུད་དུ་འཕར་སྣོན་དང་ཞིང་འབྲོག་པ་ཕྱུག་འགྱུར་ཡོང་བའི་དམིགས་ཡུལ་མངོན་དུ་གྱུར་བར་བྱས་ཏེ་ཞིང་འབྲོག་མི་དམངས་གྱིས་ཁེ་ཕན་ལོན་དུ་འཇོག་དགོས།
  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་གཞི་རིམ་གྱི་གནས་ཚུལ་དང་འཚམས་པའི་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:ཁྲོན་བོད་གློག་དྲྭ་སྦྲེལ་བའི་ཨར་ལས་ཟླ་འདིར་གློག་གཏོང་ཚོད་ལྟ་བྱ་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།