ཁུལ་དམངས་སྲིད་ཅུས་ཀྱིས་ཧུར་ཐག་གིས་སེར་ཤུལ་རྫོང་གངས་སྐྱོན་གནོད་འགོག་རྒུད་སྐྱོབ་ལས་ཀ་སྤེལ་བ།

བདེ་ཆེན་དབང་མོ།        2012-03-20

ཟླ་བ3པའི་ཚེས16ཉིན་བར་ལ་སླེབས་དུས།ཁུལ་དམངས་སྲིད་ཅུས་ཀྱིས་སེར་ཤུལ་རྫོང་ལ་དགུན་དཔྱིད་འཚོ་བའི་སྐྱོབ་རོགས་མ་དངུལ་དང་རྒུད་སྐྱོབ་མ་དངུལ་སྒོར་ཁྲི112སྤྲད་པ་དང་།སྦྲ་གུར290།སྲིང་བལ་ཉལ་ཆས800།མི་བཟོས་བའི་ཀོ་བཟོས་བོད་གོས200།སྲིང་བལ་གོས་ཐུང700།གྱོན་ཆས་དང་ལྷམ་སྒང30དང་བྱིས་པའི་གོས་ཆས25སོགས་དངོས་རྫས་སྐྱེལ་འདྲེན་བྱས།མིག་སྔར།རྫོང་དེའི་དམངས་སྲིད་ཅུས་ཀྱིས་གངས་སྐྱོན་ཐེབས་པའི་མང་ཚོགས་ལ་སྲིང་བལ་ཉལ་ཆས1000དང་འབྲུ་རིགས་རྒྱ་མ་ཁྲི99།སྦྲུ་གུར100།མེ་འབར་སའི་ཐབ་ཀ100།འབར་རྫས་ཏུན90གཏོང་སྤྲོད་བྱས་ཡོད་དོ །།
  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གིས་དམངས་ཡོངས་ཀྱིས་བློ་མཐུན་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ར་རྔ་ཁ་དང་དཀར་མཛེས། སེར་ཤུལ་གྱི་གློག་དྲ་མཉམ་འབྲེལ་ཨར་ལས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།