ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་གྲོས་ཚོགས་དར་མདོར་འཚོགས།

(མིག་དམར་གྱིས།)        2012-03-19

ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་གྲོས་ཚོགས་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་ཆེད། ཁྱོན་ཡོངས་ནས་ན་ལོའི་སློབ་གསོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་ཤིང་ད་ལོའི་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་བཀོད་སྒྲིག་བྱས། ཚེས6ཉིན་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཐོག་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་འགྱུར་པུའུའི་པུའུ་ཀྲང་ཏོན་ནེ་ཁེ་ཡིས་གཙོ་འགན་བཞེས། ཞིང་ཆེན་སློབ་གསོ་ཐིང་གི་སྐོར་གཟིགས་པ་གཞོན་པ་ལིན་ཆང་གྲོས་ཚོགས་ལ་གདན་འདྲེན་ཞུས་ལ་ཁོང་གིས་རང་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བ་དང་ཕྱིན་ཆད་ཀྱི་ལས་དོན་ལ་བསམ་འཆར་དང་གྲོས་གཞི་བཏོན། ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་པའེ་སུའུ་ཡིང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞུས་ཁྲུན་ཞིའུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཏུང་ཞིའུ་བཅས་ཚོགས་འདུའི་ནང་ཞུགས་པ་རེད།
གྲོས་ཚོགས་ཐོག  ཏོ་ནེ་ཁའེ་ཡིས་ཁུལ་ཡོངས་ཀྱི་སློབ་གསོ་མ་ལག་གིས་སློབ་གསོ་སློབ་ཁྲིད་ལ་དོ་དམ་བྱེད་པར་ཤུགས་སྣོན་བྱེད་དགོས་ཤིང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཀ་ཡར་མཐོར་ཡོང་བར་འབད་བརྩོན་བྱེད་དགོས། སློབ་གསོ་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་བྱེད་དགོས་ལ། རིམ་པ་ཁག་དང་སྡེ་ཁག་གི་ནན་ཏན་གྱིས་ཚོགས་འདུའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་རང་ཁུལ་གྱི་སློབ་གསོའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་བྱེད་དགོས་པའི་རེ་བ་བཏོན་པ་རེད།
གྲོས་ཚོགས་ཐོག ཞུས་ཁྲུན་ཞིའུ་ཡིས2011ལོའི་ཁུལ་ཡོངསཀྱི་སློབ་གསོའི་ལས་་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་ཞིང་ཁོང་གིས་དུས་ཡུན་རིང་པོའི་ནང་ཁུལ་དང་རྫོང་ཏང་ཨུ་སྲིད་གཞུང་གིས་མཐོང་ཆེན་པོ་བྱས་ཤིང་ཚན་རིག་ལ་བརྟེན་ནས་མི་རིགས་སློབ་གསོའི་ལས་དོན་ལ་ཇུས་འགོད་བྱས། ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་དམིགས་སུ་བཀར་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་གནས་སུ་བཞག་སྟེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འགྲོ་སོང་ཁག་ཐེག  ཐོན་ཁུངས་བཀོད་སྒྲིག་སོགས་ཀྱི་ཐད་ལ་འགན་སྲུང་བྱས་ཡོད། རང་ཁུལ་གྱི་སློབ་གསོའི་ལས་དོན་ལ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་ཡོད་ལ་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཏུ་བསླེབས་ཡོད་ཅེས་བསྟན། ཁོང་གིས་སློབ་གསོ་ནི་རྒྱལ་ཇུས་ཡིན་ལ་དམངས་འཚོའང་ཡིན། སློབ་གསོ་ནི་ད་ལོའི་ཡིན་ལ་སང་ཉིན་གྱི་དེ་བས་ཀྱང་ཡིན། ཚན་རྩལ་ཉིན་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རང་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱེད་སྟབས་སློབ་གསོའི་ལས་དོན་གྱི་གལ་ཆེ་རང་བཞིན་དེ་བས་མངོན་གསལ་དུ་གྱུར་བ་རེད་ཅེས་ནན་གསུང་གནང་བ་རེད།
གྲོས་ཚོགས་ཐོག  ཁུལ་སློབ་གསོ་ཅུས་ཀྱི་འགན་ཁུར་པས་ན་ལོའི་སློབ་གསོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་ཤིང་ད་ལོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་སློབ་གསོ་དམིགས་འདུན་དཔྱད་ཞིབ་སྔོན་ཐོན་རྫོང་དང་སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྣ་བཅས་ལ་གཟེངས་བསྟོད་གནང་བ་རེད།
གྲོས་ཚོགས་ཐོག ད་ལོ་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་སྤྱིའི་དམིགས་འདུན་ནི་སློབ་ན་མ་སོན་གོང་གི་སློབ་གསོ་མགྱོ གས་མྱུར་འཕེལ་རྒྱས་བྱས་ཤིང་རིན་པ་མི་དགོས་པའི་སྤྱི་གཉེར་སློབ་ན་མ་སོན་པའི་སློབ་གསོ་འགོ་ཚུགས་རྒྱུ་ཡིན། སློབ་ན་མ་སོན་པ་ལོ་གསུམ་སློབ་གྲྭར་འཛུལ་ཚད་བརྒྱ་ཆ35ལ་བསླེབ་དགོས། ལོ་དགུའི་འོས་འགན་སློབ་གསོའི་ཚད་བརྒྱ་ཆ93ལས་དམའ་མི་ཆོག  དགུ་ཐོག་གསུམ་སྣོན་གྱི་སློབ་གསོའི་འཆར་གཞི་དང་ཁུལ་ནང་གིའཛུགས་གཉེར་བྱེད་པའི་རིན་པ་མི་དགོས་པའི་འབྲིང་རིམ་སློབ་གསོ་ཕན་ཚུན་ཁ་གསབ་བྱས་ཏེ་མཐོ་འབྲིང་དུས་རིམ་དུ་སླེབས་ཚད་བརྒྱ་ཆ70ཐོག་ཐོན་དགོས་ཞེསབསྟན་པ་རེད།
ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་རྫོང་སོ་སོའི་འགན་ཁུར་པ་རྣམས་ཚོགས་འདུར་ཞུགས་པ་རེད། 
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་ཁྲིམས་ཁང་གིས་གྲོང་མིར་ཕྱུག་པོ་བཟོ་བའི་ཐབས་བསྟན།
  • ལེ་ཚན་རྗེས་མ།:ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བཅས་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་གྲ་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།