གསེར་ཐར་རྫོང་གིས་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་རྒྱ་བསྐྱེད་དུ་བཏང་།
དབྱངས་ཅན་གྱིས་བསྒྱུར། 2014-10-11
གསེར་ཐར་རྫོང་གིས་སྔར་ལྷག་གིས་ཞིང་འབྲོག་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་བྱེད་སྟངས་ལ་འཕོ་འགྱུར་གཏོང་བ་དང་། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་རྒྱ་བསྐྱེད་དུབཏང་ནས་ཐོན་སྤེལ་ཕྱུག་འགྱུར་དང་སྐྱེ་ཁམས་སྲུང་སྐྱོང་བར་ཕན་ཚུན་གཅིག་གྱུར་ཡོང་ཐུབ་པའི་ཆེད་དུ། གསེར་ཁོག་གྲོང་རྡལ་གྱི་བཅིངས་འགྲོལ་དང་། བདེ་སྐྱིད། ཞོར་རོགས།ཀོས་རྩལ་བཅས་གྲོང་སྡེ་རུ་སྐྱེ་ཁམས་ཕྱུགས་འབྲོག་ལས་རིགས་ཀྱི་ཆེད་ལས་མཉམ་ལས་ཁང(ཚོད་ལྟའི་ས་ཚུགས)འཛུགས་གཉེར་བྱེད་གྲབས་བྱེད་པ་དང་། རྣམ་གྲངས་ཀྱི་ནང་དོན་ནི་སྨི་གྲུ་བཞི་མ1000ལྡན་པའི་དྲོད་ཁང4དང་། སྨི་གྲུ་བཞི་མ2000ལྡན་པའི་ནོར་ཕྱུགས་ཀྱི་ལྷས་ར4 སྨི་གྲུ་བཞི་མ1200ལྡན་པའི་གཟན་རྩྭ་ཉར་ཚགས་བྱེད་སའི་སྤྱིལ་བུ། སྨི་གྲུ་བཞི་མ150ལྡན་པའི་ལས་སྒྲུབ་སྤྱོད་ཁང་། སྨི་གྲུ་བཞི་མ600ལྡན་པའི་ལས་སྒྲུབ་སྤྱོད་ཁང་བཅས་གསར་འཛུགས་བྱ་རྒྱུ་བཅས་རེད། རྣམ་གྲངས་ལ་མ་དངུལ་སྒོར་ཁྲི780གཏོང་འཇོག་བྱེད་གྲབས་ཡིན་པས་སྔོན་དཔག་བྱས་ན་འབྲོག་པ་མང་ཚོགས1000ལྷག་ལ་ཕན་པ་བསྐྲུན་ཐུབ་རྒྱུ་རེད།།