ཞིང་ཆེན་ལས་སྒྲུབ་ཚོ་ཆུང་རང་ཁུལ་དུ་འོངས་ནས་སྦག་གཙོག་འགོག་བཅོས་རྣམ་གྲངས་ལ་ཞིབ་བཤེར་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-10-09

ཉེ་ཆར། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་རྒྱལ་ཁབ་ཀྱི་སྤོ་བསྒྱུར་གཏོང་སྤྲོད་མ་དངུལ་གྱི་སྦག་གཙོག་འགོག་བཅོས་རྣམ་གྲངས་ཀྱི་ལས་ཀའི་ཞིབ་བཤེར་ཚོ་ཆུང་རང་ཁུལ་དུ་མངགས་ནས་སྦག་གཙོག་འགོག་བཅོས་རྣམ་གྲངས་ལས་ཀ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།ཁུལ་དང་རྫོང་གི་ཁོར་ཡུག་སྲུང་སྐྱོང་ཅུས་དང་། འབྲེལ་ཡོད་རྫོང་སྲིད་གཞུང་གི་ལས་བགོས་འགན་གཉེར་བྱེད་མཁན་འགོ་ཁྲིད་ཀྱིས་ཞིབ་བཤེར་བྱེད་སར་ཕེབས་རོགས་བྱས་པ་རེད།   ལས་སྒྲུབ་ཚོ་ཆུང་དང་ལྷན་ཕེབས་བཅས་པས་ཡུལ་དངོས་སུ་ལྕགས་ཟམ་རྫོང་ཁང་ཀྲོང་གཏེར་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ཧང་ཚའོ་ཕིང་གསེར་གཏེར་གྱི་གཏེར་རྡོ་ལེགས་སྒྲུག་བཟོ་གྲྭ་དང་རོང་བྲག་རྫོང་མེ་ཧོ་གཏེར་ལས་སྤྱི་གཉེར་ཁང་གི་གཏེར་རྡོ་ལེགས་སྒྲུག་བཟོ་གྲྭ་གཉིས་ཀྱི་ཁེ་ལས་ཀྱི་བཙོག་ཆུ་དང་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད་དང་བསྒྱུར་བཀོད་བྱེད་པའི་རྣམ་གྲངས་ལ་ལྟ་ཞིབ་བྱས་པ་དང་། རྣམ་གྲངས་དེ་གཉིས་ཀྱི་ལག་བསྟར་བྱས་ཚུལ་ལ་ཚང་མས་ཁས་ལེན་བྱས་པར་མ་ཟད། འབྲེལ་ཡོད་གནད་དོན་ལ་དམིགས་ནས་རེ་བ་བཏོན་ཡོད་པ་སྟེ། གཅིག་ནི་ལྕགས་ཟམ་རྫོང་ཁང་ཀྲོང་གཏེར་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་གཏེར་རྫས་ཐོན་ཁུངས་གནད་དོན་གྱི་རྒྱུ་རྐྱེན་ཡོད་པས་ཁེ་ལས་དེ་ཡུན་རིང་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་སྒྲིག་ཆས་བེད་སྤྱོད་གཏོང་མཚམས་འཇོག་པ་དེར་བདག་སྐྱོང་དང་ཉམས་གསོ་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་དང་། ཡང་བསྐྱར་འཁོར་སྐྱོད་བྱེད་སྐབས་ཚོད་ལྟ་འཁོར་སྐྱོད་བྱས་ཏེ་ཞིབ་བཤེར་བརྩིས་ལེན་བྱས་པར་བརྒྱུད་ནས་ད་གཟོད་ཐོན་སྐྱེད་བྱེད་ཆོག གཉིས་ནི་ཁེ་ལས་གཉིས་ཀྱིས་སྦག་གཙོག་འགོག་བཅོས་བྱེད་ཡས་ཀྱི་སྒྲིག་ཆས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་ལག་རྩལ་ཐད་ཁྲིད་སྟོན་བྱེད་དགོས། སྤུས་ཚད་དོ་དམ་གྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་སྤོ་བསྒྱུར་མ་དངུལ་གཏོང་སྤྲོད་བྱེད་པའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་ཡིག་ཚགས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་ཡིག་ཆ་གྲ་སྒྲིག་བྱ་རྒྱུ་འཐུས་ཚང་དང་ཚད་ལྡན་བྱེད་དགོས། གསུམ་ནི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་རྒྱུན་ལྡན་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྦག་གཙོག་འགོག་བཅོས་བྱེད་ཡས་ཀྱི་སྒྲིག་ཆས་ཕན་ནུས་ལྡན་པའི་སྒོས་འཁོར་སྐྱོད་བྱ་རྒྱུར་འགན་ལེན་བྱེད་དགོས་པ་བཅས་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་ལྕེ་ཐོག་གྲོང་སྡེར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་སྡེའི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་གནས་ཁག་གི་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོའི་སྒོ་ནས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།