ཏྲེ་ཧོར་བོད་ཡིག་སློབ་འབྲིང་གིས་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

ཆོས་བཞིན།        2011-11-17

སྤྱི་ཟླ་༡༡པའི་ཟླ་སྟོད་དུ་བྲག་འགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་བ་རེད།བྱ་འགུལ་དེའི་དམིགས་ཡུལ་ནི་སློབ་མ་ཚོའི་སྐད་ཡིག་གི་རྨང་གཞི་སྲ་བརྟན་ཡོང་ཆེད་དང་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་ཆེད་སློབ་གྲྭ་ཡོངས་ནས་རང་མོས་ཀྱིས་རྩོམ་འབྲི་འགྲན་སྡུར་ལ་ཞུགས་པའི་སློབ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ།བརྗོད་བྱ་གཏན་ཁེལ་དང་།ཡིག་གྲངས་ངེས་ཅན།ཡིག་ནོར་ཉུང་བ་བཅས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྤྱིའི་ཆ་རྐྱེན་དུ་བཞག་ཅིང་།བོད་སྐད་ཡིག་གི་རྩོམ་འབྲི་བར་དེ་ལས་ཅུང་ཞིབ་ཆ་ལྡན་པར་བྱས་ཡོད་དེ།རྗོད་བྱེད་ཤོ་ལོ་ཀ་གཉིས་ཀྱིས་བརྗོད་དོན་གསལ་བོར་སྟོན་རྒྱུ་དང་།ཁ་བྱང་རང་གིས་དགོད་རྒྱུ།ཚེག་བར་དགུ་མའི་ཚིགས་བཅད་རིགས་དང་པོར་གཏོགས་པ།བྲིས་པ་མགྱ
གས་ཤིང་ཡིག་གཟུགས་ལེགས་པོ་ཡིན་ན་དམིགས་བསལ་གྱི་སྐར་མ་སྣོན་རྒྱུ་བཅས་ནང་གསེས་ཀྱི་ཆ་རྐྱེན་གཏན་ཁེལ་གྱིས་རྩོམ་འབྲིའི་བྱ་འགུལ་སྤེལ་བ་མ་ཟད།བོད་རྒྱ་སྐད་ཡིག་སྡེ་ཁག་གཉིས་ཀྱི་དགེ་རྒན་ཡོངས་ཀྱིས་སེད་ཅིང་བཀྲོལ་ཏེ་སོ་སོར་ཨང་དང་པོ་གཅིག་དང་།གཉིས་པ་གཉིས།གསུམ་པ་གསུམ།རྟིང་སྐུལ་བྱ་དགའ་དྲུག་བཅས་ལ་ཐོན་མིའི་གཟེངས་བུམ་དང་ཕུགས་བསམ་གཟེངས་བུམ་ཞེས་པའི་རྩོམ་འབྲིའི་བྱ་དགའ་ཕུལ་བ་རེད།
  • ལེ་ཚན་སྔོན་མ།:ལི་ཐང་འབྲོག་དམངས་གཞིས་ཆགས་སར་བྱིས་སྐྱོང་ཁང་བཙུགས།
  • ལེ་ཚན་རྗེས་མ།:བོད་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཁུལ་སྨན་ཁང་ལ་སྒོར་ཁྲི་40རི་བའི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་བརྒྱབ་པ།
  • དོ་སྣང་ཆེ་བའི་རྩོམ།