ལི་ཁྲང་ཕིང་གིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་དཀར་མཛེས་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་སྐབས།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2011-10-24

སྤྲོ་བ་ཆེ་ཞིང་མཛའ་གྲོགས་ཀྱི་བསམ་པའི་རྣམ་པ་སྲུང་འཛིན་བྱས་ནས་བདེ་སྐྱིད་ཀྱི་མཐོ་སྒང་ཞེས་པའི་བརྗོད་བྱ་གཙོ་བོ་གང་ལེགས་སྟོན་དགོས་པའི་ཐུགས་རེ་གནང་།
ཟླ་བ10པའི་ཚེས19ཉིན་གྱི་ཕྱི་དྲོར།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལི་ཁྲང་ཕིང་གིས་ཁུལ་ཨུའི་རྒྱུན་ཨུ།ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིའུ་པིང་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ་སུན་ཧྥེ་རྣམ་གཉིས་ཀྱི་ཕེབས་རོགས་འོག   ནུབ་རྒྱུད་དངོས་མང་སྟོན་ཚོགས་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་བ་རེད།
ཚེས19ཉིན།སྐབས་བཅུ་གཉིས་པའི་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ཁང་སོ་སོས་གྲ་སྒྲིག་འགྲེམས་སྟོན་བྱས་ཤིང་།དཀར་མཛེས་ཁུལ་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་དང་ངོ་མཚར་ཆེ་བའི་གླུ་གར་གྱིས་མང་ཚོགས་མང་པོ་ཞིག་ལྟ་སྐོར་བྱེད་སར་ཡོང་བ་རེད།གཟིགས་སྐོར་གནང་སྐབས།ལི་ཁྲང་ཕིང་དང་ལྷན་ཕེབས་རྣམས་ཀྱིས་དང་ཐོག་རང་ཁུལ་གྱི་འགྲེམས་སྟོན་ཁང་གི་གར་སྟེགས་ཀྱི་མདུན་དུ་ལྟད་མོ་བ་དང་མཉམ་དུ་སྤྲོ་བ་ཆེན་པོའི་ངང་ནས་མཛེས་སྡུག་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པར་གཟིགས་པ་དང་།ནན་ཏན་གྱིས་སྒྲོག་འགྲེལ་བས་འགྲེལ་བཤད་བྱས་པར་གསན་པ་རེད།
གངས་དཀར་རི་བོ་སྐོར་བའི་སྐྱེ་ཁམས་ལྗོངས་རྒྱུ་འགྲེམས་སྟོན་ཁུལ་ནས་ཡུལ་དངོས་སུ་འགྲེམས་འཁྲབ་བྱས་པའི་དངོས་པོ་མིན་པའི་ཤུལ་བཞག་རྣམ་གྲངས་གཟིགས་སར་ཕེབས་པ་མ་ཟད་ད་རུང་ལད་ཟློས་སྡེ་དགེ་པར་ཁང་དང་སེར་ཤུལ་གྱི་དཔལ་དགེ་མ་ཎི་ཡི་རྡོ་འབུམ་འགྲེམས་སྟོན་ཁུལ་སོ་སོར་ཕེབས་ནས་ལི་ཁྲང་ཕིང་གིས་རེ་རེ་བཞིན་གཟིགས་སྐོར་ནན་ཏན་གནང་བ་དང་ལས་སྒྲུབ་པ་དང་གླེང་མོལ་གནང་བ་རེད།འབྲོག་པའི་སྦྲ་གུར་ནང་འཚོ་བ་གསར་པ་རོལ་བའི་འགྲེམས་སྟོན་ཁུལ་དུ་ལི་ཁྲང་ཕིང་གིས་སྦྲ་གུར་ནང་བཞག་ཡོད་པའི་ཡོ་བྱད་དགུ་དང་ཉི་ནུས་བརྙན་འཕྲིན་ལ་གཟིགས་ཞིབ་གནང་བ་དང་།སྦྲ་གུར་ནང་འཚོ་བ་གསར་པ་རོལ་ཚུལ་འགྲེམས་སྟོན་བྱེད་མཁན་གསེར་ཐར་རྫོང་ནས་ཡོང་བའི་འབྲོག་པ་མང་ཚོགས་ཡིན་པ་མཁྱེན་སྐབས།ཁོང་གིས་འབྲོག་པ་ཚོས་སྦྲ་གུར་ནང་འཚོ་བ་རོལ་ཚུལ་ཞིབ་འདྲི་གནང་བ་རེད།
ལི་ཁྲང་ཕིང་གིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་སྐབས་སུ།དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ལ་ངེས་པར་དུ་འགྲེམས་སྟོན་ཁང་གི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ཏེ་བདེ་འཇགས་གོ་རིམ་ཡོད་པར་ཁག་ཐེག་བྱེད་དགོས།འགྲེམས་སྟོན་ནང་ཞུགས་མཁན་ལས་སྒྲུབ་མི་སྣ་ཡོངས་རྫོགས་ཀྱིས་མུ་མཐུད་ནས་བསམ་པའི་རྣམ་པ་ཡག་པོ་སྲུང་འཛིན་བྱས་ནས་སྤྲོ་བ་ཆེ་ཞིང་མཛའ་གྲོགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ས་གནས་སོ་སོའི་ཚོང་མགྲོན།ལྟ་སྐོར་ནང་ཞུགས་མཁན་རྣམས་ལ་དགའ་བསུ་ཞུས་ཏེ་ཁོ་ཚོར་སྣང་འཆར་ཟབ་མོ་ཞིག་འཇོག་དགོས་པ་དང་།ལས་སྒྲུབ་མི་སྣ་རེ་རེ་བཞིན་གྱིས་སྤྲོ་བ་ཆེན་པོས་སྣེ་ལེན་དང་ལས་ཀ་ཞིབ་ཚགས་བྱས་པར་བརྒྱུད།མཐོ་སྒང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་སྤྲོ་བའི་ཚོར་སྣང་གང་ལེགས་སྟོན་པ་དང་།“དྭངས་གཙང་གི་དཀར་མཛེས་དང་བདེ་སྐྱིད་ཀྱི་མཐོ་སྒང་”ཞེས་པའི་བརྗོད་བྱ་གཙོ་བོ་ངོ་མ་གསལ་བཤད་བྱེད་དགོས་པའི་ཐུགས་རེ་གནང་བ་རེད
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་ལྕགས་ཕག་ལོའི་གསར་བརྗེ་ལོ100འཁོར་བའི་དྲན་རྟེན་ཚོགས་ཆེན་དང་སྐུ་ཞབས་སུན་ཀྲུང་ཧྲེན་གྱི་ཟ
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་གསར་འགྱུར་མཚམས་སྦྱོར་ལས་ཁུངས་ལ་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོའི་ནང་དོན་ངོ་སྤྲོ
  • དོ་སྣང་ཆེ་བའི་རྩོམ།