རྟའུ་རྫོང་གིས་ལྗོངས་རྒྱུ་ལ་བརྟེན་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་།
(དབྱངས་ཅན་གྱིས་བསྒྱུར།) 2011-09-20
ཉེ་ཆར། རྟའུ་རྫོང་གི་རིག་གནས་ལྗོངས་རྒྱུ་དང་རྒྱང་བསྒྲགས་བརྙན་འཕྲིན་ལུས་རྩལ་ཅུས་ཀྱིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འབྲོག་པའི་གཞིས་ཆགས་སར་གྲོང་གསེབ་ཀྱི་ལྗོངས་རྒྱུའི་ལས་ཀ་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་པ། ཅུས་དེས་ཚོང་རས་ཁྲིད་སྟོན་བྱས་པ་དང་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བའི་ལྗོངས་རྒྱུ་རིག་གནས་དང་འཛད་སྤྱོད་ཀྱི་རེ་འདོད་སྐོང་རྒྱུ་འགོ་འཛིན་ས་བྱས་ཏེ། ལྗོངས་རྒྱུའི་མཛེས་ཁུལ་གཙོ་གནད་འཕེལ་རྒྱས་གཏོང་རྒྱུ་དེ་ལྟེ་བ་འཛིན་ནས་མཛེས་ཁུལ་མཐའ་སྐོར་གྱི་གྲོང་སྡེའི་བོད་པའི་བཟའ་ཁང་དང་ཡུལ་མིའི་མགྲོན་ཁང་སྣེ་ཁྲིད་བྱས་ནས། འབྲོག་མིས་གཙོ་བོ་བྱས་པའི་གྲོང་གསེབ་ཀྱི་ལྗོངས་རྒྱུའི་ལས་ཀ་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།
ཅུས་དེས་ཁྱད་ཆོས་ལྡན་པའི་འབྲོག་ལས་དང་། ཚན་རིག་དང་མཐུན་པའི་འབྲོག་ལས། གྲོང་སྡེའི་རྣམ་པ། ཐོན་སྐྱེད་དང་འཚོ་བའི་རྣམ་པ་སོགས་གཙོ་བོ་བྱས་ནས་སྐྱེ་ཁམས་ལྡན་པའི་འབྲོག་ཁུལ་གྱི་མཛེས་ལྗོངས་རྣམ་པ་བསྐྲུན་པར་མ་ཟད་དཔེ་གསར་ཅན་གྱི་འབྲོག་མིའི་སྤྲོ་སྐྱིད་གཏོང་ས་ཁྲིད་སྟོན་བྱས་པ་དང་། ལུག་འཚོ་རྒྱུ་ཉམས་སུ་མྱོང་བ་དང་། རྟ་གཞོན་པ། སྦྲ་གུར་འཐག་པ། མར་ལེན་པ། ལུག་སྤུ་འབྲེག་པ་སོགས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་རྣམ་གྲངས་སྤེལ་བར་བརྒྱུད་ནས། འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་ཞིང་ལེགས་ཆ་མངོན་བསལ་ཡིན་པའི་གྲོང་གསེབ་ཀྱི་ལྗོངས་རྒྱུའི་ཐོན་རྫས་སུ་གྲུབ་པ། བྱེད་ཐབས་དེ་དག་ལག་བསྟར་བྱས་བརྒྱུད་གཞིས་ཆགས་སའི་འབྲོག་པའི་ཕྱིན་ཆད་ཀྱི་འཚོ་བ་འཕེལ་རྒྱས་ཡོང་རྒྱུར་སེམས་ཁྲལ་མེད་པ་བཟོས་པ་རེད།