རང་ཁུལ་གྱི་དམིགས་བསལ་ལྗོངས་རྒྱུ་རིག་གནས་ཐོན་ཁུངས་ཀྱི་འོད་ཟེར་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་འཕྲོ་རྒྱུ་ཡིན་པ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-09-20

ཉེ་ཆར།གསར་འགོད་པས་ཁུལ་ལྗོངས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར།ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་འགོ་ཁྲིད་ཚོ་ཆུང་གི་བཀོད་སྒྲིག་ལྟར།འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འགྲེམས་སྟོན་ལས་ཀའི་ནང་ཧུར་ཐག་གིས་ཞུགས་པ།དྭངས་གཙང་དཀར་མཛེས།བདེ་སྐྱིད་ཀྱི་མཐོ་སྒང་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་ཕྱོགས་ཡོངས་ནས་རང་ཁུལ་གྱི་རང་བྱུང་མཛེས་ལྗོངས་ལྟ་སྐོར་དང་ཚ་སྡུག་རྣམ་པར་བཀྲ་བའི་ཁམས་པའི་རིག་གནས་སྟོན་པ་དང་།ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་རྣམ་པ་མངོན་གསལ་དོད་པོ་ལྡན་གང་ཐུབ་བྱས་ནས་མིའི་མིག་ཤེས་ལ་རྡབ་རྡེག་དྲག་པོ་གཏོང་བཅུག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ལྟ་ནས་བཟུང་སྐབས་བཅུ་གཉིས་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་འགོ་འཛུགས་རྒྱུ་དེ་ད་རུང་ཟླ་བ་གཅིག་ལྷག་ཙམ་གྱི་དུས་ཚོད་ཡོད་ཅིང་།ཁུལ་ལྗོངས་རྒྱུ་ཅུས་ཀྱིས་ཚོང་འགུགས་དངུལ་འདྲེན་དང་རྣམ་གྲངས་གན་རྒྱ་བཞག་པ།ལྗོངས་རྒྱུ་འགྲོ་ལམ་ཁྱབ་སྤེལ།ཚོགས་ར་དང་འགྲེམས་སྟོན་ཁང་བཀོད་སྒྲིག་དང་ཆེད་འཁྲབ་ངོ་སྤྲོད་སོགས་ཀྱི་གཙོ་གནད་ལས་ཀར་སྐུལ་སྤེལ་གཏོང་གང་ཐུབ་བྱེད་པ་རེད།ཁུལ་ལྗོངས་རྒྱུ་ཅུས་ཀྱིས་འོག་གི་ཕྱོགས་བཞིའི་ཐད་ནས་འགྲེམས་སྟོན་ལས་ཀ་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་བྱས་པ་སྟེ།གཅིག་ནི་གངས་དཀར་རི་བོ་དང་ཉིན་སྟེང་སྐོར་བ་དང་ཁམས་པའི་རིག་གནས་བཅས་ཀྱི་ལྗོངས་རྒྱུ་ས་ཁུལ་གྱི་བཀོད་སྒྲིག་ལྟར།མཛེས་ལྗོངས་ཡོངས་རྫོགས་ཀྱི་ཐོག་ནས་རང་ཁུལ་གྱི་ཕུན་སུམ་ཚོགས་པའི་ལྗོངས་རྒྱུ་ཐོན་ཁུངས་སྟོན་པ་དང་།ཁྱད་པར་དུ་དུང་དཀར་ལུང་པ་དང་ཉིན་སྟེང་།མི་རྒོད་མཚོ།རོང་བྲག་རྫོང་གི་རྒྱ་རོང་བོད་གྲོང་།སྡེ་དགེ་པར་ཁང་སོགས་ཁྱད་རྟགས་མཛེས་ལྗོངས་ས་ཁུལ་དང་ལྗོངས་རྒྱུ་ཐོན་རྫས་སྟོན་རྒྱུ་མངོན་གསལ་དོད་པོ་དོན་པ་བྱེད་པ།གཉིས་ནི་ཟུང་འབྲེལ་དམ་ཟབ་དང་མཐུན་འབྲེལ་བྱེད་པའི་རིག་གནས་ལྗོངས་རྒྱུའི་བརྗོད་བྱ་གཙོ་བོ་བརྒྱུད་ནས་དཀར་མཛེས་བོད་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་ཆེན་པོ་ཡོང་ལུགས་སྟོན་རྒྱུ་ཡིན་པ།གསུམ་ནི་ཡུལ་དངོས་སུ་ས་གནས་ཀྱི་ཁྱད་ཆོས་ཚད་མེད་ལྡན་པའི་རིག་གནས་ལྗོངས་རྒྱུའི་ཚོང་རྫས་དང་ཞིང་ཞོར་ཐོན་རྫས་བཟོ་སྟངས་སྟོན་རྒྱུ།བཞི་ནི་སྒྱུ་རྩལ་འཁྲབ་སྟོན་དང་འཚོ་བ་རོལ་ཚུལ་མཚོན་པའི་བྱེད་སྟངས་ལ་བརྟེན་ནས་དཀར་མཛེས་འགྲེམས་སྟོན་ཁང་དུ་འགྲུལ་པ་འཁོར་འགུགས་ཀྱི་བྱེད་ཐབས་ཆེ་རུ་གཏོང་རྒྱུ་རེད།
  • ལེ་ཚན་སྔོན་མ།:རྟའུ་རྫོང་གི་ཞིང་པ་གླ་པར་གླ་ཕོགས་ཁག་ཐེག་དངུལ་གྱི་ཆེད་ཐོ་ཡོད་པ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གི་ཞི་བདེ་ཤང་ནས་མི་ཉག་གི་གནའ་རྫས་ཤིག་རྙེད་པ།
  • དོ་སྣང་ཆེ་བའི་རྩོམ།