ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་རང་ཁུལ་གྱི་འགྲེམས་སྟོན་ཁང་གི་རྒྱ་ཁྱོན1543ཐོག་སླེབས་པས་སྐབས་རིམ་བྱུང་གི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་ཆེས་ཆེ་ཤོས་བསྐྲུན།
(ལྷ་འཛོམས་ཀྱིས་བསྒྱུར།) 2011-09-08
གསར་འགོད་པས་ཉིན་ཤས་གོང་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི་ཟླ10པར་འཚོགས་པའི་སྐབས་བཅུ་གཉིས་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་རང་ཁུལ་གྱི་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ1543ཐོག་སླེབས་པ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ21ནང་གི་ཆེ་ཤོས་ཡིན་པར་མ་ཚད།ཐ་ན་ཞིང་ཆེན་དང་ལྗོངས་ཁ་ཤས་ཀྱི་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ལས་ཆེ་བ། སྐབས་རིམ་བྱུང་གི་ནུབ་རྒྱུད་དངོས་མང་སྟོན་ཚོགས་གི་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ཆེ་ཤོས་སུ་བསྐྲུན། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་རང་ཁུལ་གྱི་འགྲེམས་སྟོན་ཁང་དེ་སྐབས་རིམ་བྱུང་གི་ཆེ་ཤོས་ཡིན་པར་མ་ཚད།་ད་དུང་འགྲེམས་སྟོན་ནང་ལོ་རྒྱུད་ཀྱི་རིག་གནས་དང་མིས་བཟོས་ཡུལ་ལྗོངས། དཀར་མཛེས་ཁུལ་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་ཚོ་མངོན་གསལ་དོད་པོ་སྟོན་བྱ་རྒྱུ་ཡིན་ཤིང་། གཞན་ཡང་སྔོན་ཐོན་གྱི་དེང་རབས་ཚན་རྩལ་དང་སྒྲ། འོད་།གློག་བཅས་ཀྱི་ལག་རྩལ་སྤྱད་དེ་འགྲེམས་སྟོན་བྱེད་ཡུལ་དངོས་སུ་འགྲེམས་སྟོན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་རང་ཁུལ་གྱི་ཐུན་མོང་མིན་པའི་ཁྱད་ཆོས་དང་འདྲ་བཟོ་བྱེད་ཐབས་བྲལ་བའི་རིག་གནས་ལྗོངས་རྒྱུའི་ཐོན་ཁུངས་འགྲེམས་སྟོན་བྱས་ཏེ་རང་ཁུལ་གྱི་ཕྱི་ཕྱོགས་སུ་གཟུགས་བརྙན་དང་སྐད་གྲགས་ཁྱབ་ཚད་མཐོར་འདེགས་གཏོང་ཤིང་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་སྔར་ལས་ལྷག་པར་དཀར་མཛེས་ཁུལ་ལ་ངོས་འཛིན་དང་ཆ་རྒྱུས་ལེན་དུ་འཇུག་པ་དང་།རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དེ་བས་མང་པོར་རང་ཁུལ་དུ་ལྗོངས་རྒྱུ་ཡོང་བ་དང་མ་དངུལ་འཇོག་པ་ཡོང་བར་འགུགས་ཐུབ་རྒྱུ་རེད།