ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་རུའུ་ཁྲུང་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་དུ་ཕེབས།

བདེ་སྐྱིད་ཀྱིས་བསྒྱུར།        2014-09-25

ཟླ་བ8པའི་ཚེས31ཉིན་ནས་ཟླ་བ9པའི་ཚེས3ཉིན་གྱི་བར།    ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་རུའུ་ཁྲུང་རང་ཁུལ་གྱི་འདབ་པ་རྫོང་དང་ཕྱག་ཕྲེང་རྫོང་།   སྡེ་རོང་རྫོང་བཅས་རྫོང་ཁག་གསུམ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་དང་ལས་ཀར་ཁྲིད་སྟོན་གནང་བ་རེད། ཡུས་རུའུ་ཁྲུང་གིས་གཞི་རིམ་གནམ་གཤིས་ཅུས་གྱི་ལག་རྩལ་མི་སྣའི་དཔུང་སྡེ་སྒྲིག་གཞི་དང་ཕྱོགས་བསྡུས་ཞབས་ཞུའི་བྱེད་སྒོ།   གནམ་གཤིས་གནོད་འགོག་གནོད་འཕྲིའི་ནང་རྐྱེན་གྱི་འཛུགས་སྐྲུན།   ས་གནས་ལས་དོན་གྱི་འཕེལ་རྒྱས།  འཚོལ་ཞིབ་ཐིག་ལེན་གྱི་ཆ་རྐྱེན།   སྔོན་དཔག་གི་ཞབས་ཕྱི་སྒྲུབ་སའི་ལས་སྟེགས།  དྲ་རྒྱའི་འཁོར་སྐྱོད་བཅས་ལ་བརྟག་དཔྱད་ཞིབ་འཇུག་དང་ལས་ཀར་ཁྲིད་སྟོན་གནང་བ་རེད།   ཁོང་གིས་བསྟན་དོན།  དཀར་མཛེས་ཁུལ་ནི་ཆ་རྐྱེན་ཞན་པ་དང་ལས་ཀ་དཀའ་ཚེགས་ཆེ་བ། འཚོ་བ་དཀའ་མོ་བཅས་ཡིན་མོད།  ཡིན་ན་ཡང་ཁུལ་ཨུ་དང་ཁུལ་སྲིད་གཞུང་།  སི་ཁྲོན་ཞིང་ཆེན་གནམ་གཤིས་ཅུས་བཅས་ཀྱིས་འགོ་ཁྲིད་བྱས་འོག   ཁུལ་ཡོངས་སུ་རྒྱ་ཆེའི་གནམ་གཤིས་ལས་བྱེད་པས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་རྣམ་གྲངས་ལག་བསྟར་བྱས་པར་བརྒྱུད་ནས་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཡོད།   གནམ་གཤིས་ཞབས་ཞུའི་ལས་ཀ་ལ་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་བྱས་པ་དང་གནམ་གཤིས་ལས་ཀ་འཕེལ་རྒྱས་མགྱོ གས་སུ་ཕྱིན་ཡོད་པ་རེད།   ཁོང་གིས་ད་དུང་ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཚབ་བྱས་ནས་དུས་ཡུན་རིང་པོར་ཆ་རྐྱེན་ཞན་པའི་ཁོར་ཡུག་ཁྲོད་དུ་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ཁུལ་ཡོངས་ཀྱི་གནམ་གཤིས་ལས་བྱེད་པར་བཀའ་དྲིན་ཆེ་ཞུ་བ་རེད།     ཁོང་གིས་བླང་བྱ་བཏོན་དོན།ཁུལ་ཡོངས་སུ་གནམ་གཤིས་ཁོངས་གཏོགས་ཀྱིས་གནམ་གཤིས་སྡེ་ཁག་བཅོས་སྒྱུར་བྱ་རྒྱུ་དེས་བཀོད་འདོམས་བྱས་ཏེ་གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོ གས་སུ་གཏོང་གང་ཐུབ་བྱེད་དགོས།     ས་ཆ་དེ་གའི་གནམ་གཤིས་དང་ས་བབ་ཀྱི་ཁྱད་ཆོས་དང་བསྟུན་ནས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།སྤུས་ལེགས་ཞིབ་ཚགས་ཀྱི་སྔོན་དཔག་ཞབས་ཞུ་དང་ཤྭ་ལོག་ཆུ་ལོག་གི་ས་གཤིས་གནོད་སྐྱོན་གྱི་སྔོན་དཔག་ཞབས་ཞུའི་ཐད་མངོན་གསལ་གྱི་ཁྱད་ཆོས་ཡོད་པ་བྱེད་དགོས།  ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བརྟན་བརླིང་དང་བྱང་ཚད་མཐོ་བའི་མཐོ་སྒང་གི་གནམ་གཤིས་ལས་བྱེད་པའི་དཔུང་སྡེ་ཞིག་ཆགས་པར་བྱེད་དགོས།   རྫོང་རིམ་པའི་གནམ་གཤིས་སྒྲིག་གཞི་ཕྱོགས་བསྡུས་བཅོས་བསྒྱུར་བྱ་རྒྱུའི་གོ་སྐབས་དང་བསྟུན་ནས་གནམ་གཤིས་ཀྱིས་ཞིང་པར་ཞབས་ཞུ་བྱ་རྒྱུའི་མ་ལག་གཉིས་འཛུགས་སྐྱོང་བྱ་རྒྱུ་དེ་འཇུག་སྒོ་བྱས་ནས།  གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏང་དགོས།
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གི་དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གདངས་གླུ་མཉམ་གཏོང་ཚོགས་པས་ཐའེ་ཝན་ལ་འཁྲབ་སྟོན་བྱས་ནས་དགའ་བསུ་ཐོབ།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་མང་ཚོགས་ལས་ཀ་ཡོངས་སུ་སྤེལ་བར་གཟེངས་བསྟོད་གནང་བ་དང་དུས་རིམ་བསྒྱུར་བའི་ཚོགས་ཆེན་གྱི་སྙིང་དོན་ལ་སློབ་སྦྱོང་ལག་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།