ཞི་ཅི་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་སི་ཁྲོན་ལ་བོད་རིགས་ས་ཁུལ་དུ་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ་མུ་མཐུད་ནས་ལག་བསྟར་བྱ་རྒྱུའི་བྱ་བ་ཡག་པོ་སྒྲུབ་དགོས་པའི་ཐུགས་རེ་གནང་།

        2011-08-29

ཞིན་ཧྭ་གསར་འགྱུར་ཁང་ནས་ཟླ་བ8པའི་ཚེས22ཉིན་འབྱོར་བའི་གཏམ་གསར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅི་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་རང་རེའི་ཞིང་ཆེན་བོད་ཁུལ་གྱིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་ནང་འཚོ་བ་གསར་པ་རོལ་བའི་བྱ་འགུལ།ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་རིན་པ་མི་དགོས་པའི་སློབ་གསོ་འཆར་གཞི།འཕྲོད་བསྟེན་བྱ་གཞག་འཕེལ་གཏོང་རྒྱུའི་འཆར་གཞི་སོགས་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ་ལག་བསྟར་བྱས་ཚུལ་གསན་པ་དང་།སྦྲ་གུར་ནང་འཚོ་བ་གསར་པའི་རོལ་ཡས་ཀྱི་དཔེ་གསར་ཅན་གྱི་སྦྲ་གུར་དང་འཚོ་བའི་མཁོ་བྱད་སྣ་དགུ་ལ་གཟིགས་སྐོར་གནང་བ་།གཟིགས་སྐོར་གནང་སྐབས་སི་ཁྲོན་བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་གསུམ་ལག་བསྟར་བྱེད་ལུགས་ཡག་པོ་ཡིན་པ་དང་།དགོས་ངེས་ཡིན་པ།ཕན་འབྲས་མངོན་གསལ་ཐོབ་ཡོད་ཅིང་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ཡོད་པའི་ཁས་ལེན་གནང་བ་མ་ཟད།ད་རུང་སི་ཁྲོན་ལ་མུ་མཐུད་ནས་དམངས་ཀྱི་འཚོ་བར་ཕན་པའི་བྱ་བ་ཡག་པོ་སྒྲུབ་དགོས་པའི་ཐུགས་རེ་གནང་བ་རེད།
གཟིགས་སྐོར་གནང་སྐབས།ཞི་ཅིན་ཕིང་གིས་གཙོ་འགན་བཞེས་ནས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཚོགས་འདུ་ཚོགས་པ།སི་ཁྲོན་གྱིས་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ།ཁོང་གིས་བསྟན་དོན།སི་ཁྲོན་གྱིས་ཕྱོགས་གཅིག་ནས་ཁྱིམ་གཞིས་བསྐྱུར་འཛུགས་དམ་འཛིན་བྱས་པ་དང་།ཕྱོགས་གཞན་ཞིག་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱས་པ།རྒྱལ་སྤྱིའི་དངུལ་རྩ་ཉམས་ཉེན་རྡབ་རྡེག་ལ་ཁ་གཏད་འཇལ་བ།དཔལ་འབྱོར་བརྟན་ཞིང་མགྱོགས་པོའི་ངང་འཕེལ་རྒྱས་ཡོང་བ་སྲུང་འཛིན་བྱས་པ།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་རིམ་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་ཁག་ཚང་མ་ལྡབ་གཅིག་མངོན་འགྱུར་བྱུང་བ་དང་།དཔལ་འབྱོར་དང་ཆབ་སྲིད།རིག་གནས།སྤྱི་ཚོགས།ཏང་བཅས་འཛུགས་སྐྲུན་བྱེད་པར་དུས་མཉམ་དུ་གྲུབ་འབྲས་མངོན་གསལ་ཐོབ་འདུག   སྙན་ཞུ་ཚོགས་འདུའི་ཐོག་ལིའུ་ཆི་པའོ་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས།ཏང་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་སྐོར་སྙན་སེང་ཞུས་པ་རེད།
  • ལེ་ཚན་སྔོན་མ།:གསེར་ཤུལ་ཞིང་པ་དང་འབྲེལ་བའི་དངུལ་ལེན་གསལ་ཚད་མཐོ་རུ་བཏང་།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དུ་སུང་རྒྱལ་རབས་སྐབས་ཀྱི་གནའ་ཤུལ་རྙེད།
  • དོ་སྣང་ཆེ་བའི་རྩོམ།