དེ་ལོར་འདབ་པ་རྫོང་གི་ཞིང་ལས་ཚན་རྩལ་གྱི་བྱ་སྤྱོད་ཆེན་པོ་གསུམ་གྱི་ལས་ཀ་སྤེལ་བར་སྐུལ་འདེད་ཏན་ཏིག་བྱས་པ།མིག་སྔའི་བར་སླེབས་དུས་རྫོང་དེས་ཞིང་ལས་ཚན་རྩལ་ལས་བྱེད་པ་མི་གྲངས་དང་ཐེངས་གྲངས་50གསོ་སྤྱོང་དང་རིགས་སྣ་ཚོགས་ཀྱི་སོན་བཟང་མུའུ་47100དང་།འགྱིག་ཤོག་འོག་མ་རྨོས་ལོ་ཏོག་མུའུ་500འདེབས་འཛུགས།མུའུ་10000ལ་སྨན་སྤྱོར་ལུག་རྒྱག ས་ཞིང་མུའུ་25000ལ་ས་བོན་སྨན་བསྲེས།ས་ཞིང་མུའུ་25000ལ་རྫས་འགྱུར་སྨན་རིགས་སྤྱད་ནས་རྩྭ་ཡལ་མེད་པ་བཟོ་བ་བཅས་ཀྱི་ལས་ཀ་ཁྱབ་སྤེལ་བཏང་བ་དང་།ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཞིང་མུའུ་23000བཟོཟ་པ།