ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཉག་ཆུ་རྫོང་དུ་སྒྲོག་འགྲེལ་བྱེད་སྐབས་མང་ཚོགས་ཀྱི་དགའ་བསུ་ཐོབ།

ལྷ་འཛོམས་ཀྱིས་བསྒྱུར།        2014-09-18

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཉག་ཆུ་རྫོང་དུ་སྒྲོག་འགྲེལ་བྱེད་སྐབས་མང་ཚོགས་ཀྱི་དགའ་བསུ་ཐོབ།

ཟླ་བ9པའི་ཚེས8ཉིན་ནས་ཚེས9ཉིན་གྱི་བར།ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཚོ་ཆུང་བཞི་པ་ཉག་ཆུ་རྫོང་ཕུགས་པ་རོང་ཤང་དང་མགོ་ལོག་ཤུལ་ཤང་།གྲོང་གསུམ་ཤང་བཅས་ལ་ཕྱིན་ནས་རྒྱལ་གཅེས་དང་ཁྲིམས་སྲུང་།དྲིན་གཟོ།མཐུན་སྒྲིལ་བཅས་ཀྱི་ནང་དོན་གཙོ་བོའི2014ལོའི་ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པ་གྲོང་གསེབ་ཏུ་སྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
སྒྲོག་འགྲེལ་བྱེད་རིང་ཕུགས་པ་རོང་ཤང་དང་མགོ་ལོག་ཤུལ་ཤང་།གྲོང་གསུམ་ཤང་བཅས་ཀྱི་མང་ཚོགས་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་སྒྲོག་འགྲེལ་ཉན་སར་ཡོང་བ་རེད།ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་དགེ་རྒན་རིག་འཛིན་རྒྱལ་མཚན་གྱིས་བོད་སྐད་ཐོག་ནས་རྒྱལ་གཅེས་དང་ཁྲིམས་སྲུང་།དྲིན་གཟོ།མཐུན་སྒྲིལ་བཅས་ཀྱིས་སྒྲོག་འགྲེལ་ནང་དོན་གཙོ་བོར་བྱས་ནས་མིག་སྔར་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དང་བསམ་བློ་བརྡར་ཤ་མི་ཆོད་པའི་གནད་དོན་ཟུང་འབྲེལ་བྱས་ནས་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་འཐབ་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་ཞིབ་ཚགས་བྱས།ཁྱོན་ཡོངས་ནས་ཞིང་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་ཐད་ལ་འབྲེལ་བ་ཆེན་པོ་ཡོད་པའི་དམངས་ཕན་སྲིད་ཇུས་འགྲེལ་བཤད་བྱས་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།    ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་ནང་རྫོང་དེའི་ཤང་གསུམ་གྱི་ཞིང་འབྲོག་པ་དང་གྲྭ་བཙུན།སློབ་གྲྭ་བ།ལས་ཁུངས་ཀྱི་ལས་བྱེད་པ་ཁྱོན་བསྡོམས1296སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་ཉན་དུ་འཇུག་པ་དང་།དུས་མཚུངས་སུ་བཞི་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་མཉམ་སྤེལ་བྱས་ནས་མང་ཚོགས104ལ་འོས་འགན་གྱིས་ནད་ལྟ་བ་དང་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་འདྲི་རྟོག་བྱེད་ཐེངས80ལྷག་ཙམ་དང་ལེན་བྱས་པ།ཞིང་འབྲོག་པར་ཚན་རྩལ་ཁྲིད་སྟོན་ཐེངས་མ50ལྷག་ཙམ་བྱས་པ།བྱེད་སྒོ་སྤེལ་ཡུལ་དུ་《ཉག་ཆུ་རྫོང་གི་དཔལ་ཡོན་སྤྱི་ཆིངས》དང་《ཉག་ཆུ་རྫོང་གི་རྒྱལ་གཅེས་དང་ཁྲིམས་སྲུང་།དྲིན་གཟོ།མཐུན་སྒྲིལ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལག་དེབ》དང་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་ཡོངས་ཁྱབ་བརྡ་སྦྱོར་དང་བདེ་ཐང་ཤེས་བྱའི་ལག་དེབ1340ལྷག་ཙམ་བཀྲམ་པ་རེད།
  • ལེ་ཚན་སྔོན་མ།:མཐོ་རྒྱུགས་སློབ་བསྡུའི་ལམ་ལུགས་ལ་བཅོས་བསྒྱུར་བྱ་རྒྱུ།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་རྒྱུན་ལྡན་ཅན་དུ་གཏོང་བར་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།