ཉག་ཆུ་རྫོང་གི་འབྲོག་པ་ཚོས་དཔེ་གསར་ཅན་གྱི་སྦྲ་གུར་ཕུབ་ནས་བསྡད་ཡོད་པ།

སྒྲོལ་མ་ཚེ་མཚོས།        2011-04-19

ཟླ་བ4པའི་ཚེས2ཉིན།ཉག་ཆུ་རྫོང་ཧོ་ར་ཤང་བརྩེ་ཁོག་གྲོང་ཚོ་རུ་མི་ཚོགས་ཀྱིས་ཁེངས་ཤིང་དཔྱིད་དཔལ་རབ་རུ་བཞད་ཡོད་པ།རྫོང་དེས་དཔེ་གསར་ཅན་གྱི་སྦྲ་གུར་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད།སྔོན་གྱི་ལོ་ཤས་དང་བསྡུར་ན་ཧོ་ར་འབྲོག་ཁུལ་གྱི་མང་ཚོགས་ཚོས་ཏང་གི་མི་རིགས་སྲིད་ཇུས་གྱི་ཟེར་འོད་འཕྲོ་བའི་འོག་ལོ་གཉིས་རིང་ལག་བསྟར་བྱས་པའི་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་།སྦྲ་གུར་ནང་འཚོ་བ་གསར་པ་རོལ་བའི་དཔེ་སྟོན་ལས་གྲྭ་འཛུགས་སྐྲུན་སོགས་དམངས་ཕྱུག་དང་དམངས་ཕན་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་རྗེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་ཡག་པོ་ཐོགས་པ་དང་།འབྲོག་ཁུལ་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་བ།འཚོ་བའི་སྤུས་ཀ་མཐོ་རུ་མངོན་གསལ་བྱུང་བ།འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་བ་ལྟར་ཡར་རྒྱས་བྱུང་ནས་བཅོས་བསྒྱུར་སྒོ་ཕྱེ་བའི་གྲུབ་འབྲས་ལོངས་སུ་སྤྱོད་བཞིན་ཡོད་པ་དང་།མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་འཆམ་མཐུན་བདེ་དྲོད་ཚོར་མྱོང་བྱེད་བཞིན་ཡོད་པ་རེད།
མིག་སྔར་སླེབས་དུས།ཉག་ཆུ་རྫོང་གིས་དཔེ་གསར་ཅན་གྱི་སྦྲ་གུར1140ཧོ་ལུང་དང་ཧོ་ར་ཤང་ལ་བསྐྱལ་ཚར་ནས་རེ་རེ་བཞིན་འབྲོག་པའི་ལག་ཏུ་སྤྲད་པ་རེད།
  • ལེ་ཚན་སྔོན་མ།:རང་རེའི་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི་བཟོ་འགོད་
  • ལེ་ཚན་རྗེས་མ།:དཔེ་གསར་ཅན་གྱི་སྦྲ་གུར་སུམ་སྟོན3965དཀར་མཛེས་རྫོང་ལ་བསྐྱལ་བ།
  • དོ་སྣང་ཆེ་བའི་རྩོམ།