ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ།
ཡེ་ཤེས་མགོན་པོ 2011-04-14
ཉེ་ཆར།གསར་འགྱུར་ཐོ་འགོད་པས་དཀར་མཛེས་ཁུལ་ཡུལ་སྐོར་ལྗོངས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་རྒྱུར།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་ཁུལ་གྱིས་སྐྱེ་ཁམས་ལྗོངས་རྒྱུའི་མཛེས་ལྗོངས་འཐུས་སྒོ་ཚང་ཚང་དུ་གཏོང་གང་ཐུབ་བྱས་ནས་ལྗོངས་རྒྱུ་གུང་གསེང་གི་ཐོན་རྫས་གསར་སྦོལ་བྱས་པར་བརྟེན།ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་འཕར་སྣོན་གཏོང་རྒྱུའི་ཐད་ཐབས་ལམ་གསར་པ་སྐྲུན་རྒྱུ་ཡིན་པ་རེད།
དཀར་མཛེས་ཁུལ་ཡུལ་སྐོར་ལྗོངས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཞུའོ་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ནང་རང་ཁུལ་གྱིས་འཛམ་གླིང་རིམ་པའི་རང་བྱུང་སྐྱེ་ཁམས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་དང་ཁམས་པའི་རིག་གནས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་འགྲོ་ས་བསྐྲུན་རྒྱུ་ལ་དམིགས་ནས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་མིང་རྟགས་བཟོས་རྒྱུ་ཡིན་པ་དེ་དང་ཆབས་ཅིག རང་ཁུལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ལ་བརྟེན་ནས་ཡུལ་སྐོར་ལྗོངས་རྒྱུའི་ཐོན་ཁུངས་གསར་སྦོལ་བྱ་རྒྱུའི་གོམ་སྟབས་མགྱོ གས་སུ་གཏང་རྒྱུ་དང་།ཡུལ་སྐོར་ལྗོངས་རྒྱུའི་ཐོན་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་རེད།སྨྱུག་འཛིན་པས་ཤེས་རྟོགས་བྱུང་བ་ལྟར་ན།2015ལོར་སླེབས་སྐབས་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་པ་སྣེ་ལེན་བྱེད་པའི་མིའི་ཐེངས་གྲངས་ཁྲི1000ལས་བརྒལ་རྒྱུ་དང་།ཡུལ་སྐོར་ལྗོངས་རྒྱུའི་ཡོང་འབབ་སྒོར་དུང་ཕྱུར80ཡི་ཐོག་སླེབས་པའི་རྣམ་པར་མངོན་འགྱུར་བྱུང་བར་བརྩོན་ལེན་བྱས་མཐར།ཧ་ལམ་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆ30.77ཡིན་པ་རེད།
དེར་བརྟེན།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ།རང་ཁུལ་གྱིས་དམིགས་བསལ་དུ་འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུའི་གཙོ་གནད་བྱས་ཏེ་ནུས་ཤུགས་ཡོད་དགུ་ཡིས་རང་ཁུལ་དུ་འོང་སའི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དང་གཅིག དམིགས་བསལ་དུ་མཛེས་ལྗོངས་འཛུགས་སྐྲུན་བྱ་རྒྱུས་ཡིས་གཙོ་གནད་བྱས་ནས་ཡུལ་སྐོར་ལྗོངས་རྒྱུ་བྱ་ཡུལ་གྱི་ཐོན་རྫས་རིན་ཐང་མཐོར་འདེགས་བྱ་རྒྱུ་དང་གཉིས།དམིགས་བསལ་དུ་གྲོང་རྡལ་དང་གྲོང་གསེབ།ཡུལ་སྐོར་ལྗོངས་རྒྱུའི་བྱེད་སའི་ལམ་བརྒྱུད་ཀྱི་སྣེ་ལེན་བྱེད་ས་སྐྲུན་རྒྱུ་ཡིས་གཙོ་གནད་བྱས་ཏེ་འགྲུལ་པ་སྣེ་ལེན་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་གཏོང་རྒྱུ་དང་གསུམ་བཅས་རེད།རྨང་གཞི་དེའི་ཐོག་ཞིང་སྡེ་གསར་པ་འཛུགས་སྐྲུན་དང་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་ལེན་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཤུགས་ཆེན་པོས་གྲོང་གསེབ་ཏུ་ཡུལ་སྐོར་ལྗོངས་རྒྱུ་འགྲོ་སའི་ལས་རིགས་འཕེལ་རྒྱས་བཏང་ནས་ཞིང་སྡེ་དང་འབྲོག་ཁུལ་གྱི་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱས་མཐར།རྒྱུན་ཆད་མེད་པར་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་འཕར་སྣོན་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་མཐོ་རུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།