ལིའུ་ཆི་པའོ་དང་ཅང་ཅུས་ཧྥེང་རྣམ་གཉིས་ཀྱིས་རང་ཁུལ་གྱི་བྲག་འགོ་རྫོང་གི་འགུལ་འགོག་གནོད་སེལ་ལས་ཀར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

        2011-04-14

ཟླ4པའི་ཚེས10ཉིན།  བྲག་འགོ་རྫོང་དུ་རིམ་པ5.3ཅན་གྱི་ས་འགུལ་བྱུང་བ།  ས་འགུལ་གནས་ཚུལ་གྱི་སྙན་ཞུ་འབྱོར་མ་ཐག   ཞིང་ཆེན་ཏང་ཨུ་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལིའུ་ཆི་པའོ་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཞིང་དཔོན་ཅུང་ཅུས་ཧྥེང་རྣམ་གཉིས་ཀྱིས་འཕྲལ་དུ་འགུལ་འགོག་གནོད་སེལ་ལས་ཀར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་།  འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་ས་འགུལ་གྱིས་བཟོས་པའི་གྱོ ང་གུད་དང་མི་ཤི་རྨས་སྐོར་ལ་ཞིབ་བསྡུར་བྱས་ནས།  མགྱོ གས་མྱུར་གྱིས་མཁོ་བསྟུན་བྱེད་ཐབས་ལག་བསྟར་བྱ་རྒྱུའི་རེ་བ་བཏོན་པ་དང་། འགུལ་འགོག་གནོད་སེལ་སྐོར་གྱི་འབྲེལ་ཡོད་ལས་ཀར་དམིགས་གཏད་རང་བཞིན་ལྡན་པའི་བཀོད་སྒྲིག་བྱས་པ་སྟེ། ཞིང་ཆེན་ས་འགུལ་ཅུས་ཀྱིས་མུ་མཐུད་དུ་ནན་ཏན་གྱིས་ལྟ་ཞིབ་ཚད་ལེན་བྱས་ནས།  ས་འགུལ་བྱུང་ཚུལ་གྱི་རྗེས་སྙེག་ལས་ཀ་ཡག་པོ་བསྒྲུབས་པ།
ཚེས10ཉིན་གྱི་ཕྱི་དྲོའི་ཆུ་ཚོད10དང་སྐར་མ10ཐོག    བྲག་འགོ་རྫོང་སྲིད་གཞུང་གི་མཁོ་བསྟུན་མི་སྣ་དང་བྲག་འགོ་རྫོང་གི་འགུལ་འགོག་གནོད་སེལ་ཅུས་ཀྱི་སྙན་ཞུ་ལ་གཞིགས་ན།  སེ་མང་ཤང་གི་དམངས་ཀྱི་སྡོད་ཁང6ཉེན་ཁ་ཅན་དུ་གྱུར་བ་དང་། རྫོང་ཁུལ་གྱི་སྡོད་ཁང་ཁག་ཅིག་ནི་གས་ནས་ལོག་པའི་ཉེན་ཁ་ཡོད་པ་རེད། ས་འགུལ་གྱིས་བྲག་འགོ་མཐའ་འཁོར་གྱི་རྫོང་ལའང་གནོད་པ་བཟོས། ཅིང་ཁྲོན་རྫོང་དང་རྟའུ་རྫོང་།  དཀར་མཛེས་རྫོང་། རྫ་ཐང་རྫོང་། ཉག་རོང་རྫོང་། གསེར་ཐར་རྫོང་བཅས་ཀྱི་ཤང་གྲོང་ཁག་གཅིག་ལའང་འགུལ་ཤུགས་དྲག་པོ་ཐེབས་ཏེ། སྡོད་ཁང་གས་པའི་གནས་ཚུལ་བྱུང་བ་རེད། 
ས་འགུལ་བྱུང་ཚར་རྗེས།  ཞིང་ཆེན་ས་འགུལ་ཅུས་ཀྱིས་མཁོ་བསྟུན་བཀོད་སྒྲིག་པུའུ་བཙུགས་ཤིང་། ས་འགུལ་བྱུང་ཚུལ་སྐོར་གྱི་ཛ་དྲག་ཆེ་བའི་གྲོས་མོལ་ཚོགས་འདུ་འཚོགས་ནས།  མཁོ་བསྟུན་ལས་ཀ་ཁག་ལ་བཀོད་སྒྲིག་བྱས་པ་རེད།  ཞིང་ཆེན་ས་འགུལ་ཅུས་ཀྱི་ཁོངས་གཏོགས་དར་མདོ་ས་འགུལ་ལྟེ་གནས་ས་ཚིགས་ཀྱིས་ཀྱང་བཀའ་ལྟར་ཚེས10ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ40ཐོག་ས་འགུལ་བྱུང་ཁུལ་དུ་ལས་སྒྲུབ་ཚོ་ཆུང་ཐེངས་དང་པོ་མངགས་པ་རེད། དེ་རྗེས་ཞིང་ཆེན་ས་འགུལ་ཅུས་ཀྱི་འགན་ཁུར་པས་སྣེ་ཁྲིད་བྱས་པའི་མི་སྣ14ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་ཡང་ཉིན་མཚན་སྦྲེལ་ནས་ས་འགུལ་ཡོང་ཁུལ་དུ་བསྐྱོད་པ་རེད།  རང་ཁུལ་གྱིས་གཏོར་བཤིག་ཅན་གྱི་ས་འགུལ་ལ་དམིགས་པའི་མཁོ་བསྟུན་བྱེད་ཐབས་ལག་བསྟར་བྱེད་འགོ་ཚུགས་པ་དང་།  འགུལ་འགོག་གནོད་སེལ་ལས་ཀར་བཀོད་སྒྲིག་ཀྱང་བྱས་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་རིམ་པ5.3གྱི་ས་འགུལ་བྱུང་།
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་དུ་དཔྱིད་དུས་ཀྱི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།