རོང་བྲག་རྫོང་གི་ཞིང་པའི་ཡོང་སྒོ་འཕར་རེ་བྱས།

        2011-01-18

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ།  གང་འདྲ་བྱས་ནས་ཞིང་པའི་ཡོང་སྒོ་འཕར་བའི་རེ་བ་ཁྱེར་ཏེ་གསར་འགོད་པ་རོང་བྲག་རྫོང་གི་ལས་རིགས་ཁག་གི་མི་སྣ་ལ་འཚམས་འདྲི་ཞུ་བར་སོང་། 
རོང་བྲག་རྫོང་གི་རྫོང་ཨུ་རྩ་འཛུགས་པུའུའི་པུའུ་ཀྲང་གཞོན་པ་ཞུས་ལིན་གྱིས། ཞིང་པའི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་བསྡུ་རུབ་བྱས་ནས་ཞིང་པའི་མ་དངུལ་བེད་སྤྱོད་དང་སྦྲེལ་ནས་ཞིང་པའི་དུད་ཁྱིམ་བར་ཤར་བགྲོད་ཐུབ་པའི་ལམ་བུ་དང་ཆུ། གློག་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སློབ་གསོ། རིག་གནས། འཕྲོད་བསྟེན་བཅས་སྤྱི་སྤྱོད་སྒྲིག་ཆས་ལ་རོགས་སྐྱོར། གྲོང་རྡལ་གྱི་རྣམ་པ་ལེགས་བཅོས། ཞིང་པའི་འཚོ་བ་ལེགས་བཅོས་བཅས་བྱེད་དགོས་ལ། གྲོང་དཔོན་གྱིས་འགན་ཁུར་ནས་གྲོང་པ་ཧྲིལ་པོ་ཕྱུག་པོར་འགོད་དགོས་ཞེས་གསུངས།
རོང་བྲག་རྫོང་གི་རྫོང་ཨུའི་དྲིལ་བསྒྲགས་པུའུའི་རིག་པའི་གཞུང་ལུགས་ཀྱི་ལས་དོན་མཁན་བསྟན་འཛིན་གྱིས། རོང་བྲག་གི་ཆུ་གློག་དང་ཡུལ་སྐོར་ལྗོངས་རྒྱུ། གཏེར་རྫས་བཅས་ཀ་སྐྱོར་གསུམ་གྱི་བཟོ་ལྟ་ཐོན་པ་རེད། ཆུ་གློག་དང་གཏེར་རྫས་ཀྱི་ཐོན་ལས་ཀྱིས་ནོར་སྲིད་ཡོང་སྒོ་ཐད་ཀར་འཕར་བས་ང་ཚོས་རྣམ་གྲངས་འགའ་ལ་བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཆོག  རོང་བྲག་གི་ཡུལ་སྐྱོར་ལྗོངས་རྒྱུའི་ཐོན་ལས་ནི་དམངས་ཕན་གྱི་རྣམ་གྲངས་ཞིག་ཡིན་པས་ཞིང་འབྲོག་མི་དམངས་ལ་སྒོར་མོ་ཡོང་བའི་ལས་གྲྭ་ཞིག་ཀྱང་ཡིན། དེར་བརྟེན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ཀྱི་སྐབས་སུ། ཞིང་འབྲོག་མི་དམངས་ཀྱི་ཡོངས་འབབ་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས་གསུངས།
རོང་བྲག་རྫོང་གི་རྫོང་ཨུའི་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན་ལུང་མིང་ཨ་ཁའོ་ཡིས། མིག་སྔར་ཞིང་འབྲོག་གི་ཡོང་འབབ་འཕར་སྣོན་ལ་ཕྱོགས་འགའ་ནས་འབད་དགོས་ཏེ།  གཅིག་ལ་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་དང་ཞིང་ཆེན་ནོར་སྲིད་རང་བཞིན་གྱི་མ་དངུལ་གྱིས་རང་ཁུལ་ལ་མཆོང་བརྒལ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བ
  • ལེ་ཚན་རྗེས་མ།:ལྕགས་ཟམ་ལན་ཨན་དུ་མང་ཚོགས་ཕྱུགས་འགྱུར་གྱི་ལམ་སྣེ་ཁྲིད་མཁན་བདམས་ཐོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།