ལོ་ལྔའི་རིང་ལ་བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་སློབ་མ་ཁྲི3.65ཡིས་ནང་ལོག་ས་ཁུལ་གྱི་ལས་རིགས་སློབ་གྲྭར་འཇོན་ནུས་སྦྱངས་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2014-09-02

ལོ་ལྔའི་རིང་ལ་བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་སློབ་མ་ཁྲི3.65ཡིས་ནང་ལོག་ས་ཁུལ་གྱི་ལས་རིགས་སློབ་གྲྭར་འཇོན་ནུས་སྦྱངས་ཡོད།
 

སེར་ཤུལ་རྫོང་ཕྱག་ཚྭ་ཤང་གི་བསྟན་འཛིན་ཚེ་དབང་གིས་སྔ་མོ་ནས་ཁྱིམ་དུ་གོས་ཆས་ཐིག་དྲས་བྱེད་བཞིན་འདུགཁོའི་ལག་ནང་གོས་ཆས་དྲུབ་རྒྱུ་མང་པོ་ཡོད་པས།སྔ་ལངས་སྔ་ལས་བྱ་དགོས་བྱུང་བ་འདི་ནི་ཉེ་ཆར་སྨྱུག་འཛིན་པའི་ཡུལ་དངོས་སུ་མཐོང་བའི་གནས་ཚུལ་ཞིག་རེད།
    བསྟན་འཛིན་ཚེ་དབང་ནི་ནང་ལོག་ས་ཁུལ་གྱི་སུའེ་ཉིང་ཨན་ཅུས་ལས་རིགས་སློབ་འབྲིང་གི2010ལོའི་ལོ་དགུ་ཐོག་གསུམ་སྣོན་འཆར་གཞིའི་(བོད་ཁུལ་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིང་ལས་རིགས་སློབ་གསོ་འཆར་གཞི)སློབ་མ་རེད།ཁོས་སློབ་གྲྭ་ནང་གོས་ཆས་བཟོ་དྲུབ་དང་ཐོན་སྐྱེད་དོ་དམ་གྱི་ཆེད་སྦྱོང་བྱེད་ཡོད།ན་ནིང་ལོར་སློབ་ཐོན་བྱུང་རྗེས་ཕ་ཡུལ་ལ་གོས་ཆས་བཟོ་དྲུབ་ཚོང་ཁང་བཙུགས་ནས་རང་ཉིད་ཀྱི་ཇུས་འགོད་དང་བཟོ་དྲུབ།ཕྱི་ཚོང་སོགས་བྱེད་ཞོར་ཐང་ག་དང་ཤིང་རྐོ་སོགས་བྱེད་བཞིན་ཡོད།ཁོས་གྲོང་མི་ཁྱིམ་མཚེས་ཚོས་ངས་ནང་ལོག་ས་ཁུལ་དུ་སློབ་སྦྱོང་བྱེད་མྱངས་པ་ཤེས་ནས་ཚང་མས་ང་ལ་གོས་དྲུབ་རོགས་ཟེར་བ་རེད་ཅེས་བཤད་པ་རེད།ད་ལྟར་བསྟན་འཛིན་ཚེ་དབང་གིས་ལོ་གཅིག་ནང་ཚུན་ཚོང་ཁང་རྒྱ་སྐྱེད་བཏང་ནས་ལས་བཟོ་ཁ་ཤས་གླ་རྒྱུའི་འཆར་གཞི་ཡོད།
    བསྟན་འཛིན་ཚེ་དབང་ནི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་ནས་སློབ་ཐོན་བྱུང་བའི་སློབ་མ་ལས་ཞུགས་ཐུབ་པའི་དཔེ་མཚོན་ཞིག་ཡིན་པས།2009ལོར་རང་རེའི་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་འཆར་གཞི་གསར་དུ་བཏོན་ནས་ལག་བསྟར་བྱས་ཡོད།འཆར་གཞི་དེ་ལག་བསྟར་བྱས་པར་བརྒྱུད།ཀུན་སྤྱོད་བཟང་པོ་དང་ལས་སྒོ་འཇོན་ལྡན་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་ནས་སློབ་ཐོན་བྱུང་བའི་སློབ་མ་ཚན་པ་གཅིག་བོད་ཁུལ་དུ་ཕྱིར་ལོག་ནས་བོད་ཁུལ་མཆོང་བརྒལ་འཕེལ་རྒྱས་གཏོང་རྒྱུར་འཇོན་ལྡན་མི་སྣ་དང་ལག་རྩལ་རྒྱབ་སྐྱོར་འདོན་སྤྲོད་བྱས་ཤིང་བོད་ཁུལ་རང་ཉིད་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་རེད།
    འཇོན་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད།
    ལོ་རྒྱུས་དང་ས་ཁམས།དཔལ་འབྱོར་སོགས་ཕྱོགས་མང་པོའི་རྐྱེན་གྱིས་བོད་ཁུལ་གྱི་སློབ་གསོ་ནི་རང་རེའི་ཞིང་ཆེན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་དཀའ་གནད་དང་མི་འདང་ས་ཡིན་པས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡུན་རིང་པོར་བསམ་བློ་བཏང་ནས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་ཁྱོན་ཡོངས་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གཞི་རྩའི་ཐབས་ཇུས་བྱས་ཏེ་ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལས་རིགས་སློབ་གསོ་ལོ་གསུམ་སྣོན་པའི་འཆར་གཞི་ལག་བསྟར་བྱས་ནས་བོད་ཁུལ་གྱི་ལོ་དགུའི་འོས་འགན་སློབ་གསོ་ཐོན་པའི་ལོ་ཆུང་ན་གཞོན་ཚང་མ་སྒྲིག་འཛུགས་བྱས་ནས་ནང་ལོག་ས་ཁུལ་དུ་སློབ་རིན་མི་དགོས་པ་ལོ་གསུམ་ལས་རིགས་སློབ་གསོ་ཐེབས་བཅུག་པ་རེད།ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གིས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་སློབ་གསོ་སློབ་ཁྲིད་དོ་དམ་ཆུ་ཚད།རྨང་གཞིའི་སྒྲིག་ཆས་ཆ་སྒྲིག་སོགས་ཀྱི་ཐད་ནས་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་ལག་བསྟར་བྱ་རྒྱུར་རིག་ནུས་རྒྱབ་སྐྱོར་དང་དངོས་ཟོག་འགན་སྲུང་།སྲིད་ཇུས་ཐད་གཟིགས་སྐྱོང་བཅས་བྱས་ཡོད།རྩ་འཛུགས་དང་སློབ་གསོ་སོགས་སྡེ་ཁག་གིས་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་སློབ་མར་བསམ་བློ་ཐོག་རོགས་རམ་བྱས་པར་གྲུབ་འབྲས་ཐོབ་ཡོད་པ་མ་ཚད།ད་དུང་ཁོ་ཚོའི་ལས་ཞུགས་དང་དམག་ནང་ཞུགས་རྒྱུ།སློབ་ཆེན་ནང་ཞུགས་རྒྱུ་སོགས་ལ་རོགས་རམ་བྱས་ཡོད།2009ལོ་ནས་2013ལོའི་བར་ལ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་ཐད་འགྲོ་གྲོན་སྒོར་དུང་ཕྱུར20.8གཅིག་གྱུར་འཆར་འགོད་བྱས་ཡོད།
    བོད་ཁུལ་གྱི་ལས་རིགས་ཁག་གི་ཏང་སྲིད་སྡེ་ཁག་གིས་སློབ་མ་བསྡུ་རྒྱུ་དང་གསོ་སྐྱོང་།ལས་ཞུགས་བཅས་གང་ཅིའི་ཐད་ལ་ཧུར་ཐག་གིས་ཞུགས་པ་རེད།
    ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་ལག་བསྟར་བྱས་པ་ནས་བཟུང་།ཞིང་ཆེན་ཡོངས་ཀྱི་ནང་ལོག་ས་ཁུལ་དུ་སྔོན་རྗེས་སུ་འབྲིང་རིམ་ལས་རིགས་སློབ་གྲྭ90དང་མཐོ་རིམ་ལས་རིགས་སློབ་གླིང་5ཡིས་ལོ་དགུ་ཐོག་གསུམ་སྣོན་སློབ་མར་སློབ་གསོའི་ལས་འགན་ཁུར་ཡོད།བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་རིན་མི་དགོས་པའི་སློབ་གསོ་འཆར་གཞིའི་སློབ་མ་ཁྱོན་བསྡོམས་ཁྲི3.65བསྡུས་ཡོད་པའི་ནང་བརྒྱ་ཆ87ཡན་ཆད་ཞིང་འབྲོག་པའི་བུ་རྒྱུད་ཡིན་པ་རེད།
    ལག་རྩལ་ཁོང་དུ་ཆུད་ནས་ལས་རྐང་ཐོག་ནུས་རྩལ་བཏོན།
    སྐལ་བཟང་སྐྱིད་དང་ཡུས་ཆིང་གིས་ཁྲེང་ཏུའུ་རུ་སྐད་གྲགས་ཅན་གྱི་རིམ་པ་མཐོ་གྲས་ཀྱི་མཛེས་བཟོ་སྐྲ་བཞག་ཁང་དུ་ལས་ཞུགས་བྱས་ཡོད།ཁོ་ཚོས་དགེ་རྒན་སྐུ་མདུན་ནས་ལག་རྩལ་ཡག་མོ་སྦྱངས་ནས་སྦྱངས་འབྲས་ལེགས་པོའི་ཐོབ་ནས་སློབ་ཐོན་བྱུང་རྗེས་སློབ་གྲྭས་ངོ་སྤྲོད་དང་ཁེ་ལས་ཀྱིས་རྒྱུགས་ལེན་ཞིབ་དཔྱད་བྱས་རྗེས་ལས་རྐང་ཐོག་ཞུགས་ཐུབ་ཡོད།ཁོ་ཚོ་ལས་ལ་བརྩོན་ཞིང་ཕྱོགས་བསྡུས་འཇོན་ནུས་ལྡན་པའི་རྐྱེན་གྱིས་རྐང་འཛིན་ལས་བཟོ་རུ་གྱུར།སྐལ་བཟང་སྐྱིད་དང་ཡུས་ཆིང་ལྟ་བུའི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་མང་པོ་གཅིག་རྗེས་གཉིས་མཐུད་བྱས་ནས་ལས་རྐང་ནང་ཞུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཞབས་ཕྱི་བྱེད་བཞིན་ཡོད།ལོ་ལྔའི་རིང་ལ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མའི་ནང་མིའི་ཐེངས་གྲངས་ཁྲི1ལྷག་ཙམ་ལ་གཟེངས་བསྟོད་སྣ་མང་རག་པ་རེད།མིག་སྔར་སློབ་མ2000ལྷག་ཙམ་ཏང་རྩ་འཛུགས་ནང་ཞུགས་ཡོད།2009ལོ་དང2010ལོའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ98.3དང་བརྒྱ་ཆ98.7ཐོག་སླེབས་ཡོད།ཟླ་བ7པའི་ཚེས25ཉིན་སླེབས་དུས2011ལོའི་བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ99.2ཐོག་སླེབས་ཡོད།
 

  • ལེ་ཚན་སྔོན་མ།:དར་མདོའི་ལྷན་འཛོམས། 
  • ལེ་ཚན་རྗེས་མ།: དར་མདོརྫོང་གིས་སྨན་ཁང་དང་ནད་པ་བར་གྱི་རྩོད་གཞི་ལྷོད་དུ་གཏོང་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།