《གངས་དཀར་རི་བོ》ཞེས་པའི་བོད་ཡིག་དུས་དེབ་ཀྱི་རྩོམ་པ་པོའི་བཞུགས་མོལ་ཚོགས་འདུ་དར་མདོ་ལ་འཚོགས།

ངེད་དྲ་བའི་གསར་འགོད་པ་བཀྲ་ཤིས་ཀྱིས།        2010-12-17

《གངས་དཀར་རི་བོ》ཞེས་པའི་བོད་ཡིག་དུས་དེབ་ཀྱི་རྩོམ་པ་པོའི་བཞུགས་མོལ་ཚོགས་འདུ་དར་མདོ་ལ་འཚོགས།

ཟླ་བ༡༢པའི་ཚེས་པ༡༦ཉིན《གངས་དཀར་རི་བོ》ཞེས་པའི་བོད་ཡིག་དུས་དེབ་ཀྱི་རྩོམ་པ་པོའི་བཞུགས་མོལ་ཚོགས་འདུ་དར་མདོ་ལ་འཚོགས་པ་རེད།རྩོམ་སྒྲིག་པ་དང་རྩོམ་པ་པོའི་བར་ལ་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་ཡོང་ཞིང《གངས་དཀར་རི་བོ》བོད་ཡིག་དུས་དེབ་ཀྱི་སྐབས་བབ་ཀྱི་གནས་ཚུལ་ལ་བགྲོ་གླེང་བྱ་ཕྱིར་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིའི་ཚོགས་འདུ་རྩ་འཛུགས་བྱས་པ་རེད།ཚོགས་འདུ་རུ་བོད་ཡིག་རྩོམ་སྒྲིག་པས་དུས་དེབ་ཀྱི་འདས་དུས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ།མ་འོངས་པའི་ཁ་ཕྱོགས་བཅས་ངོ་སྤྲོད་བྱས་རྗེས་ཕྱོགས་སོ་སོ་ནས་ཡོང་བའི་མཁས་པ་དང་རྩོམ་པ་པོ་རྣམས་ཀྱིས་དུས་དེབ་འདིའི་གལ་ཆེ་བའི་རང་བཞིན་དང་འབྱུང་འགྱུར་གྱི་ཐར་ལམ་བཅས་ལ་དགོངས་འཆར་ལྷུག་པོར་བརྗོད་མཐར་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུང་ཤིན་ཧྥུའུ་ཡིས་དུས་དེབ་ཀྱི་ལོ་རྒྱུས་ལ་རྗེས་དྲན་དང་ད་སྐབས་ལ་དབྱེ་འབྱེད།མ་འོངས་པ་ལ་འཆར་འགོད་མཛད་པས་ཚོགས་འདུར་ཞུགས་མི་ཐམས་ཅད་ལ་སྐུལ་མ་ཆེན་པོ་ཐེབས།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གཞི་རིམ་གྱི་རིག་གནས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།
  • ལེ་ཚན་རྗེས་མ།:ཞུས་ཧྲའོ་ཧྲི་ཡིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་གསུངས།
  • དོ་སྣང་ཆེ་བའི་རྩོམ།