རང་ཁུལ་རྨང་གཞི་སྒྲིག་ཆས་ལ་མ་དངུལ་འཇོག་རྒྱུ་བརྟན་པོའི་ངང་འཕར་བ།

སྒྲོལ་མ་ཚེ་མཚོས།        2010-12-16

ཟླ་བ1པོ་ནས་ཟླ་བ10བའི་བར་རང་ཁུལ་གྱི་རྨང་གཞི་སྒྲིག་ཆས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར126.76བཏང་བས།ན་ལོ་ལས་བརྒྱ་ཆ23.8འཕར་ཞིང་།སྤྱི་ཚོགས་ཡོངས་ཀྱི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ76.3འཕར་བ།དེའི་ནང་སྤྱི་པའི་སྒྲིག་ཆས་ལ་མ་དངུལ་སྒོར་དུང་ཕྱུར2.05བཏང་བས།ན་ལོ་དུས་མཉམ་ལས་བརྒྱ་ཆ104.4འཕར་བ།སློབ་གསོ་ལ་མ་དངུལ་སྒོར་དུང་ཕྱུར2.58བཏང་བས།ན་ལོ་ལས་སྒོར་བརྒྱ་ཆ35.8འཕར་བ།འགྲིམ་འགྲུལ་ལ་མ་དངུལ་སྒོར་དུང་ཕྱུར14.43བཏང་བས་ན་ལོ་དུས་མཉམ་ལས་བརྒྱ་ཆ11.9འཕར་བ།གློག་ཤུགས་བཟོ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར99.92བསྒྲུབས་པས།ན་ལོ་ལས་བརྒྱ་ཆ29.4འཕར་བ།རྒྱང་བསྒྲགས་དང་རིག་གནས་རིག་རྩལ་ལས་སྒོས་མ་དངུལ་སྒོར་དུང་ཕྱུར1.68བསྒྲུབས་པས།ན་ལོ་ལས་བརྒྱ་ཆ83.8འཕར་བ།རང་འབབ་ཆུ་མཁོ་སྤྲོད་ལས་སྒོ་ལ་མ་དངུལ་སྒོར་དུང་ཕྱུར1.17བཏང་བས།ན་ལོ་ལས་བརྒྱ་ཆ197.4འཕར་བ་རེད།།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་ལྷ་སྒང་སློབ་ཆུང་གིས་ཆུ་མིག་ཅེས་པའི་ཚགས་པར་ཞིག་པར་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་དཀའ་ངལ་ཡོད་པའི་ལས་བཟོ་ལ་རོགས་སྐྱོང་མ་དངུལ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།