ཉག་རོང་རྫོང་གིས་གློག་ཤུགས་འཕྲིན་སྐྱེལ་གྱི་འཛུགས་སྐྲུན་ལས་ཀར་སྐུལ་སྤེལ་བཏང་།

དངོས་གྲུབ་སྒྲོལ་མས་བསྒྱུར།        2014-08-22

ད་ལོ་རིང་ལ། ཉག་རོང་རྫོང་གིས་གློག་ཤུགས་བརྡ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་ནས། གྲུབ་འབྲས་མངོན་གསལ་ཐོབ་པ་རེད།   ཉག་ཆུ་སྟོད་རྒྱུད་དུ་གློག་སྟོང་ཧྥུ220ཅན་དང་གློག་སྟོང་ཧྥུ110བཅས་ཀྱི་གློག་སྐྱེལ་གློག་སྒྱུར་ཨར་ལས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད། དཀར་མཛེས་ནས་ཉག་རོང་བར་གྱི་གློག་སྟོང་ཧྥུ110ཅན་གྱི་གློག་སྐྱེལ་གློག་སྒྱུར་ཨར་ལས་ཐད་མ་དངུལ་དུང་ཕྱུར་སྒོར1.17འཇོག་པ་དང་། གསེར་འོད་ཤང་ནས་ལྷ་རི་མ་ཤང་དང་། གསེར་འོད་ཤང་ནས་ཞི་བདེ་ཤང་སོགས་ལ་གློག་སྟོང་ཧྥུ35ཅན་གྱི་གློག་སྐྱེལ་གློག་སྒྱུར་ཨར་ལས་ཀྱི་བརྒྱ་ཆ་བདུན་ཅུ་གྲུབ་ཟིན། གློག་སྟོང་ཧྥུ10ཅན་དང་དེའི་མན་ཆད་གློག་མེད་ས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་གློག་སྐུད་སྤྱི་ལེ22.1འཐེན་ཁྲིད་བྱས་པ་རེད། འཁྱེར་འཕྲིན་ས་ཚུགས་གཅིག་གསར་འཛུགས་བྱས། བརྡ་འཕྲིན་འོད་སྐུད་སྤྱི་ལེ23གསར་དུ་ཁྲིད་ཡོད་ཅིང་། རྫོང་མཁར་གྱི་འོད་དྲྭ་འཛུགས་སྐྲུན་བྱས་ཤིང་རྫོང་ཁུལ་གྱི4Gདྲ་བ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་སློབ་གྲྭར་རྒྱུན་སྡོད་ལམ་ལུགས་སློབ་གསོའི་དོ་དམ་ཟབ་སྤེལ་བཏང་།
  • ལེ་ཚན་རྗེས་མ།:ལོ་སྟོད་དུ་བརྒྱད་ཟིལ་དང་ཉག་ཆུ།རྟའུ་རྫོང་གསུམ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་བཟང་ཕྱོགས་སུ་ཕྱིན།
  • དོ་སྣང་ཆེ་བའི་རྩོམ།