གསེར་ཐར་རྫོང་སྙི་སྟོད་ཤང་གིས་ཁྲིམས་ལུགས་སློབ་སྦྱོང་གི་འཛིན་གྲྭ་བཙུགས་པ།

(ཉི་མ་རྡོ་རྗེ་ནས།)        2010-12-13

ཉེ་ཆར།རྫོང་དེའི་སྙི་སྟོད་ཤང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོང་འོགརྫོང་དེའི་ཁྲིམས་ལུགས་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་དང་།ཁྲིམས་ཁང་།ཁྲིམས་འཛིན་ལས་ཁུངས་སོགས་ཀྱི་ལས་སྒྲུབ་མི་སྣ་18སྒྲིག་འཛུགས་བྱས་ནས་ཡུལ་དེ་གར་ཁྲིམས་ལུགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
 ཐེངས་དེའི་ཁྲིམས་ལུགས་སློབ་གསོའི་ལས་ཀ་ནང་ཁྲིམས་དང་འགལ་ཡོད་མཁན་དང་།《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་》དང་འགལ་མཁན།བུ་ཕྲུག་སློབ་གྲྭར་སྐྱེལ་འདོད་མི་འདོད་པའི《འོས་བབ་སློབ་གསོའི་བཅའ་ཁྲིམས》དང་འགལ་བའི་མི་སྣ21སོགས་འདུས་ཡོད་པ་རེད།
ལས་སྒྲུབ་མི་སྣས་《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》དང་།《འོས་བབ་སློབ་གསོའི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ལ་སློབ་སྦྱོང་བྱས་པ་དང་།ནངས་སྔ་མོར་ཞོགས་རྩལ་དང་།དགོང་མོར་གྲོས་མོལ་དང་རང་གི་ལྟ་སྟངས་སོགས་གླེང་བར་མ་ཟད།དུས་ཡུན་ཉིན10རིང་གི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
ཁྲིམས་ལུགས་སློབ་གསོའི་ལས་སྒྲུབ་མི་སྣས་ཡུལ་དེ་གའི་ཁྲིམས་ལུགས་སློབ་གསོ་བྱ་ཡུལ་གྱི་མི་སྣ་ཚོར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་སྲུང་དང་།ཤང་གི་གཏན་འབེབས་ལ་དང་ལེན།བུ་ཕྲུག་དུས་ལྟར་སློབ་གྲྭར་སྐྱེལ་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད།ཁྲིམས་ལུགས་སློབ་གསོ་ནང་ཞུགས་པའི་མི་སྣ་ཚོས་ལས་སྒྲུབ་མི་སྣ་ཚོས་བླང་བྱ་བཏོན་པ་ཇི་བཞིན་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད།
  • ལེ་ཚན་སྔོན་མ།:སི་ཁྲོན་དཀར་མཛེས་ཁུལ་རྟའུ་རྫོང་གི་རྩྭ་ཐང་དུ་མེ་སྐྱོན་བྱུང་ནས་མི༢༢རྐྱེན་དབང་དུ་ཤོར།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་བཟའ་བཅའ་ཉེན་མེད་འཕྲོད་བསྟེན་གྱི་ཞིབ་བཤེར་བྱེད་སྒོ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།