འབའ་ཐང་རྫོང་རྔ་གླིང་སྟེང་གྲོང་ཚོས་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བཏང་།
དབྱངས་ཅན་གྱིས་བསྒྱུར། 2013-10-15
ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་གོམ་སྟབས་སྒྱུར་བའི་ཆེད་དུ།འབའ་ཐང་རྫོང་གཙང་ཆེན་རོང་ཤང་རྔ་གླིང་སྟེང་གྲོང་ཚོ་རུ་བོད་ཕག་དང་བོད་བྱ་གསོ་སྤེལ་བྱེད་མཁན་ཞིང་པའི་ཆེད་ལས་མཉམ་ལས་ཁང་འཛུགས་གཉེར་བྱས་པ་དང་།གྲོང་པའི་དུད་ཚང་32ཀྱིས་བོད་ཕག་དང་བོད་བྱ་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས།དུད་ཚང་རེས་ཆ་སྙོམས་བོད་ཕག་5དང་བོད་བྱ30ཡན་ཆད་གསོ་སྤེལ་བྱས་ཡོད་པ་རེད།
མིག་སྔར་བོད་ཕག47དང་བོད་བྱ358བཤས་ཁོངས་སུ་བཏང་ནས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི30ལྷག་མངོན་འགྱུར་བྱུང་ཡོད།རྣམ་གྲངས་ལག་བསྟར་བྱས་པའི་གཞི་ཁྱོན་ལ་གཞིགས་ནས་སྔོན་དཔག་བྱས་ན་གྲོང་ཚོ་དེས་ལོ་འཁོར་རེར་བོད་ཕག120དང་བོད་བྱ800བཤས་ཁོངས་སུ་བཏང་ནས་དུས་ཚང་རེས་ལོ་རེར་ཡོང་འབབ་སྒོར་ཁྲི2.6རག་ཐུབ་རྒྱུ་རེད།