འཐུང་ཆུ་གཙང་མས་མི་སེར་ཚོར་བདེ་སྐྱིད་བསྣན།

དབྱངས་ཅན་བསྒྱུར།        2016-11-21

ཉེ་ཆར། ཤོག་སྦག་གི་འབར་སྒྲའི་ཁྲོད་དུ་འབའ་ཐང་རྫོང་ལྷོ་བྱང་ནང་གྲོང་སྡེའི་སྦུག་ཆུའི་ཆུ་འཇུག་བཅད་སྒོ་ཕྱེ་བ་དང་སྦྲགས། རིང་ཚད་སྨི9700ཡོད་པའི་གནས་སྤོ་ཡུལ་མིའི་འཐུང་ཆུ་གཙང་མའི་ཨར་ལས་ལེགས་འགྲུབ་བྱུང་བ་མཚོན་པ་རེད།
རང་ཉིད་ཀྱི་སྒོ་ཁར་སྦུག་ཆུ་ཁྲིད་ཡོད་པར་མཐོང་དུས་གྲོང་མི་ཚོས་དགའ་སྤྲོ་རབ་ཏུ་སྐྱེས་ནས་སྔོན་མ་ང་ཚོས་དུས་ཡུན་ཆུ་ཚོད་གཅིག་རིང་སྤྱད་ནས་ཧུང་ཆི་ཆུ་ཡུར་དུ་ཆུ་ལེན་སར་འགྲོ་དགོས་ཀྱི་ཡོད། ད་ལྟར་དྭངས་གཙང་ཉེན་མེད་ཀྱི་སྦུག་ཆུ་སྒོ་ཁར་ཁྲིད་ཡོད་པས། ཏང་དང་སྲིད་གཞུང་གིས་ང་ཚོ་མི་སེར་ཚོ་ལ་འདི་འདྲའི་དོན་ཆེན་ཞིག་བསྒྲུབས་ཡོད་པར་བཀའ་དྲིན་ཆེ་ཞེས་བཤད།
སྨྱུག་འཛིན་པས་ཤེས་རྟོགས་བྱུང་བ་ལྟར་ན་གྲོང་སྡེ་དེའི་འཐུང་ཆུ་ཉེན་མེད་ཡོང་བའི་ཨར་ལས་ལ་སྤྱིའི་མ་དངུལ་སྒོར་ཁྲི45.848བཏང་ཡོད། ཨར་ལས་དེ་དུས་ཡུན་ཉིན18ལས་མ་འགོར་བ་ལེགས་འགྲུབ་བྱུང་བ་རེད། གྲོང་མི་ཚོར་སྔ་ཚེར་དྭངས་གཙང་ཉེན་མེད་ཀྱི་འཐུང་ཆུ་རག་ཐུབ་པའི་ཆེད། ཨར་ལས་ལས་བཟོ་པའི་དཀའ་སྤྱད་འབད་བརྩོན་དང་ཡུལ་དེ་གའི་གྲོང་མི་ངལ་ལས་ནང་ཞུགས་གང་ཐུབ་བྱས་པར་བརྒྱུད།  དུས་བཅད་དང་སྤུས་ཚད་ལྟར་ཨར་ལས་དེ་ལེགས་འགྲུབ་བྱུང་ཐུབ་པ་རེད། ཨར་ལས་དེས་བྱ་ཁྱུང་དང་། གདམ་པ། མུ་ཏོ། སྲང་མདོ། ཡར་རི་སྒང་བཅས་ཤང(གྲོང་རྡལ)དྲུག་གི་གནས་སྤོ་ཡུལ་མིའི་དུད་ཚང393གྱི་མི་གྲངས2000ལྷག(དེའི་ནང་དབུལ་ཕོངས་དུད་ཚང88ཀྱི་མི་གྲངས322ཡོད)གི་འཐུང་ཆུ་གཙང་མའི་གནད་དོན་ཐག་གཅོད་བྱས་ཡོད། སྦུག་ཆུ་ཁྲིད་ཐུབ་ཚད་འཆར་གཞིའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ100ལ་ཟིན་ཡོད་པ་རེད།
གྲོང་སྡེ་དང་དུད་ཚང་དུ་སྦུག་ཆུ་ཁྲིད་ནས་མི་སེར་ཚོར་བདེ་སྐྱིད་བསྐྲུན་ཐུབ་ལ། གྲོང་མིའི་འཚོ་བའི་ཆུ་ཚད་ཀྱང་མཐོར་འདེགས་བཏང་ནས། མི་སེར་དཀྱུས་མས་ཀྱང་ཆུ་སྲོ་ཆས་དང་གོས་འཁྲུད་འཕྲུལ་ཆས་སོགས་འཚོ་བའི་སྤྱོད་ཆས་གཅིག་རྗེས་གཉིས་མཐུད་དུ་བེད་སྤྱོད་གཏོང་ཐུབ་པ་རེད། ལྷོ་བྱང་ནང་གྲོང་སྡེའི་གནས་སྤོ་ཡུལ་མི་སྒྲོལ་མ་ཚེ་རིང་གིས་ལྷོ་བྱང་ནང་གྲོང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བའི་ཨར་ལས་གྲུབ་རྗེས། གྲོང་མི་ཡོངས་ཀྱི་འཐུང་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ད་དུང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོར་འདེགས་བཏང་ནས། ཞིང་ལས་ཐོན་སྐྱེད་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཐུབ་པ་རེད་ཅེས་བཤད།
རྫོང་ཆུ་དོན་ཅུས་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་ལྟར་ན། མིག་སྔར་རྫོང་དེས་ནུས་ཤུགས་གང་ཡོད་ཀྱིས་རྡོ་གཞོང་ཤང་གི་ཐར་ཐོར་དུ་ཆགས་པའི་གནས་སྤོ་དུད་ཚང44ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་དང་།  འཐུང་ཆུ་ཉེན་མེད་ཡོང་བའི་ཨར་ལས་ཀྱི་གནད་དོན་སྐུལ་འདེད་གཏིང་ཟབ་བྱེད་པ་དང་སྦྲགས། འབའ་ཐང་རྫོང་གི་ཞིང་འབྲོག་མི་དམངས་ཀྱི་འཐུང་ཆུ་རག་དཀའ་བའི་གནད་དོན་ཁྱོན་ཡོངས་སུ་ཐག་གཅོད་བྱ་ཐུབ་རྒྱུ་རེད།།
  • ལེ་ཚན་སྔོན་མ།:དགུན་དུས་སྔོ་ཚལ་གྱི་དྲི་ཞིམ་བོད་ཀྱི་གྲོང་སྡེར་ཁྱབ། —སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་ཞི་བདེ་གྲོང་ཚོའི་གྲོང་མིས་དབུལ་ཐར་ཕྱུག་འགྱུར་བྱས་ཚུལ་བཀོད་པ།
  • ལེ་ཚན་རྗེས་མ།:ལིའུ་གོ་ཀྲུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་ལས་འཐེན་པའི་ཞིབ་བཤེར་རྩིས་ལེན་དཔྱད་བསྡུར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།