བརྒྱད་ཟིལ་རྫོང་ནགས་ཚལ་མེ་གསོད་ཆེད་ལས་རུ་ཁག་ལ་ཐེངས་དང་པོའི་ཞིང་ཆེན་ཡོངས་ཀྱི119ཡི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།

        2016-11-22

བརྒྱད་ཟིལ་རྫོང་ནགས་ཚལ་མེ་གསོད་ཆེད་ལས་རུ་ཁག་ལ་ཐེངས་དང་པོའི་ཞིང་ཆེན་ཡོངས་ཀྱི119ཡི་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།
ཉེ་ཆར། ཞིང་ཆེན་མི་དམངས་སྲིད་གཞུང་མེ་གསོད་མེ་འགོག་ཉེན་མེད་ཨུ་ཡོན་ལྷན་ཁང་གིས་སྔོན་ཐོན་ཐུན་མོང22དང་སྔོན་ཐོན་མི་སྒེར25ལ་ཐེངས་དང་པོའི་ཞིང་ཆེན་ཡོངས་ཀྱི119ཡི་མེ་གསོད་མེ་འགོག་གི་མཚན་སྙན་གནང་རྒྱུའི་གཏན་འཁེལ་བྱས་པ་རེད། རང་ཁུལ་གྱི་བརྒྱད་ཟིལ་རྫོང་གི་ནགས་ཚལ་མེ་གསོད་ཆེད་ལས་རུ་ཁག་ལ་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་རེད།
བརྒྱད་ཟིལ་རྫོང་ནགས་ཚལ་མེ་གསོད་མེ་འགོག་ཆེད་ལས་རུ་ཁག་ནི2002ལོར་བཙུགས་ཤིང་།མིག་སྔར་རུ་མི103ཡོད་པ་རེད། མེ་གསོད་རུ་ཁག་འདི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གསོད་སའི་ཐེངས130ལྷག་ཙམ་ཞུགས་པའི་ནང་ནས2005ལོའི་སྤྱི་ཟླ6པའི་ཚེས7ཉིན་ལ་བྱུང་བའི་མར་སྡེ་ལུང་པའི་ནགས་ཚལ་མེ་སྐྱོན་ཚབས་ཆེན་དང2012ལོའི་སྤྱི་ཟླ2པའི་ཚེས1ཉིན་བྱུང་བའི་བྲག་གཡར་ལུང་པའི་ནགས་ཚལ་མེ་སྐྱོན་ཅུང་ཚབས་ཆེན་གསོད་སའི་ནང་ཞུགས་པས་མ་ཚད། མེ་སྐྱོན་བྱུང་ཡུལ་དུ་ཉིན23གྱི་རིང་ལ་བསྲུངས་ནས་བསྡད་པ་རེད།ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་ཡིས་བཀོད་སྒྲིག་བྱས་པར་དང་ལེན་ཞུས་ནས་ཐེངས་མང་པོར་ཉག་ཆུ་སོགས་རྫོང་དུ་ནགས་ཚལ་མེ་སྐྱོན་གསོད་སའི་ནང་ཞུགས་ནས་འབྲི་ཆུ་སྟོད་རྒྱུད་ཀྱི་ནགས་ཚལ་ཐོན་ཁུངས་དང་སྐྱེ་ཁམས་ཉེན་མེད་ཡོང་བར་དམིགས་བསལ་གྱི་བྱས་རྗེས་བཞག་པ་རེད།

  • ལེ་ཚན་སྔོན་མ།:ལིའུ་གོ་ཀྲུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་ལས་འཐེན་པའི་ཞིབ་བཤེར་རྩིས་ལེན་དཔྱད་བསྡུར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དབྱིས་རིགས་ལོ་གསར་གྱི་ཇ་སྟོན་དགོང་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།