ཟླ་བ8ཚེས9ཉིན་གྱི་ལངས་ཕྱེད་རོང་བྲག་རྫོང་གི་སྟོང་འགོ་ཤང་མཁར་ལུང་ལུང་པ་རུ་འདམ་རྡོ་ཆུ་རུད་ཀྱི་ཆག་སྒོ་ཆེན་པོ་བྱུང་ནས་ཞིང་ཆེན་རིམ་པའི་གཞུང་ལམ་ལམ་ཐིག303པའི་འགྲིམ་འགྲུལ་ཆད་པ་རེད།གནོད་སྐྱོན་ཐེབས་རྗེས་ཡུལ་དེ་གའི་འགོ་ཁྲིད་ཀྱིས་མང་ཚོགས་ཉེན་མེད་སར་བསྐྱལ་བ།འགྲིམ་འགྲུལ་དང་གཞུང་ལམ་སོགས་སྡེ་ཁག་གིས་གནོད་སྐྱོན་ཐེབས་ཡུལ་དུ་ཡོང་སྟེ་འཕྲུལ་ཆས་ཆེ་གྲས་དང་མི་སྣ་སྒྲིག་འཛུགས་བྱས་ནས་ཉེན་སྐྱོབ་གནོད་སེལ་དང་གཞུང་ལམ་མྱུར་ལས་བྱས་ཏེ་ཆུ་ཚོད36ལ་ཉེ་བ་ཞིག་འབད་འཐབ་བྱས་པར་བརྒྱུད།ཚེས10ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་ཕྱེད་ཀར་མྱུར་ལས་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།