ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ཡེ་མིང་གིས་བསྒྱུར།        2016-11-15

སྤྱི་ཟླ11པའི་ཚེས7ཉིན། རང་ཁུལ་གྱིས་ཁུལ་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ལས་ཀའི་གྲོས་ཚོགས་འཚོགས་ནས་ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པས་མ་ཚད་གསུང་བཤད་གནང་བ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དབུལ་ཐར་འགག་སྒྲོལ་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་ལྟར། གྲོང་སྡེ281གི་དུད་ཚང7950ཡི་མི་འབོར32275དབུལ་ཐར་བྱ་རྒྱུའི་དམིགས་ཡུལ་ལས་འགན་ལ་གཞིགས་ནས་ཏན་ཏིག་གིས་སྡོད་ཁང་དང་གཞུང་ལམ། གློག་འཕྲིན་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་རོགས་སྐྱོར་ལས་ཀར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྐས་རིམ་གསར་པའི་ཐོག་བསླེབས་ཡོད་པ་རེད།
ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ད་ལོ་ནི་དབུལ་ཐར་འགག་སྒྲོལ་ལག་ལེན་བསྟར་བའི་ལོ་དང་པོ་ཡིན་ལ། འབྱོར་འབྲིང་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པ་རེད། གལ་སྲིད་འགོ་ཡག་པོ་འཛུགས་མ་ཐུབ་པ་དང་རྨང་གཞི་ཡག་པོ་འདིང་མ་ཐུབ་ན་ཕྱིན་ཆད་ལོ་ཁ་ཤས་ཀྱི་ལས་ཀར་ཤུགས་རྐྱེན་བཟོས་པ་དང་། གྲུབ་འབྲས་འཐོབ་རྒྱུར་འགོག་རྐྱེན་བཟོས་ངེས་རེད། གཅིག་ནི་ལོ་རྒྱུས་ཀྱི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། ལས་ཀའི་དམིགས་ཡུལ་ལ་དམ་པོར་གཞིགས་ནས་ལས་གནས་ཀྱི་འགན་འཁྲི་དང་གཟའ་འཁོར་རེ་ལ་གནས་ཚུལ་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་གྲོང་སྡེ་དང་དུད་ཚང་ཐོག་ཏུ་དོན་འཁྱོལ་བྱེད་པར་འགན་སྲུང་བྱ་དགོས་ལ། དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སོ་སོ་དོན་འཁྱོལ་བྱེད་པར་འགན་སྲུང་བྱ་དགོས། གཉིས་ནི་ཚད་གཞི་ལ་དམིགས་ནས་མ་འདང་ས་ཁ་གསབ་བྱ་དགོས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ། ཡག་པོ་བསྒྲུབ་རྒྱུ་བཞི། གྲོང་སྡེ་ལ་གཅིག་དམའ་དྲུག་ལྡན་དང་། དུད་ཚང་ལ་གཅིག་བརྒལ་ལྔ་ཡོད་བྱ་རྒྱུའི་བླང་བྱ་ལ་གཞིགས་ནས་དྲུག་ལྡན་གཞི་གྲངས་ཀྱི་ལས་སྟེགས་འཛུགས་སྐྲུན་འཁོར་སྐྱོད་ཡག་པོ་བྱས་ཏེ་དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་བྱ་ཡུལ་ཐོག་མཐའ་བར་གསུམ་དུ་གནད་སྨིན་འབྲེལ་མཐུད་བྱ་རྒྱུར་འགན་སྲུང་བྱ་དགོས། གསུམ་ནི་གཟབ་ནན་གྱིས་ཚད་གཞི་ཞིབ་བཤེར་རྩིས་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་ཀྲུང་དབྱང་དང་ཞིང་ཆེན་གྱིས་ཞིབ་བཤེར་རྩིས་ལེན་བྱེད་དུ་འོང་བར་བསུ་མ་བྱ་རྒྱུའི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབ་དགོས།  ལྔ་ནི་ཁྱབ་གདལ་གཏོང་ཆོག་པའི་དཔེ་སྟོན་གྱི་ཉམས་མྱོང་ཕྱོགས་བསྡོམས་ཡག་པོ་བྱ་དགོས། ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་འཐུས་ཀྱི་ཉམས་མྱོང་ཁྱབ་གདལ་བཏང་ནས་སྔར་ལྷག་གིས་གཞི་རིམ་ལས་བྱེད་པའི་ལས་ཀ་སྒྲུབ་པའི་ངར་ཤུགས་སྐུལ་སློང་བྱས་ནས་སང་ལོའི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རྨང་གཞི་འདིང་དགོས།  དྲུག་ནི་སང་ལོའི་དབུལ་ཐར་འགག་སྒྲོལ་ལས་ཀའི་འཆར་གཞི་འགོད་རྒྱུར་དམ་འཛིན་བྱ་དགོས། །  
  • ལེ་ཚན་སྔོན་མ།:གནས་མཆོག་དཀར་མཛེས་ཀྱི་ཡུལ་ཐོན་ཁྱད་རྫས་ཞིང་ལས་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས།
  • ལེ་ཚན་རྗེས་མ།:ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ནུས་རྩལ་གསོ་སྦྱོང་བྱས་ནས་དབུལ་ཐར་འགག་སྒྲོལ་བྱེད་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།