ཡེ་ཤེས་ཟླ་བས་ཁྲེང་ཏུའུ་ལ་ཁེ་ལས་དང་དངུལ་རྩ་ལས་ཁུངས་ཁ་ཤས་ཀྱི་འགན་འཁུར་མི་སྣ་ལ་མཇལ་འཕྲད་གནང་།

        2016-11-10

སྤྱི་ཟླ11པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བས་ཁྲེང་ཏུའུ་ལ་ཁག་བགོས་ནས་ཀོང་ཀྲོའུ་སུའེ་ཐའེ་ཁོར་ཡུག་སྲུང་སྐྱོང་ལས་གྲྭའི་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་པ་ཀྲེན་ཡུང་ཞུའེ། ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་གི་ཁྲེང་ཏུའུ་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་པ་ལི་ཝུའེ་ཞིན་ལྷན་ཕེབས་ལ་མཇལ་འཕྲད་གནང་བ་རེད།
ཀྲེན་ཡུང་ཞུའེ་ལྷན་ཕེབས་བཅས་ལ་མཇལ་འཕྲད་གནང་སྐབས་ཡེ་ཤེས་ཟླ་བས་སུའེ་ཐའེ་ཁོར་ཡུག་སྲུང་སྐྱོང་ལས་གྲྭའི་ཚད་ཡོད་སྤྱི་གཉེར་ཁང་གིས་རང་ཁུལ་དུ་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་དོན་འཁྱོལ་ལག་ལེན་བྱས་ཚུལ་དང་གནས་པའི་གཙོ་བོའི་གནད་དོན་ལ་ལས་ཡུལ་དངོས་སུ་ལས་ཀ་སྒྲུབ་པའི་བྱེད་ཐབས་སྤྱད་ནས་རེ་རེ་བཞིན་ལན་བུ་བཏབ་པ་རེད། ཁོང་གིས་བསྟན་དོན་ཀོང་ཀྲོའུ་ཡིས་གནས་མཆོག་དཀར་མཛེས་ཀྱི་་ལས་གྲྭ་འཛུགས་སྐྲུན་གྱི་ལས་ཀ་འདི་སུའེ་ཐའེ་སྤྱི་གཉེར་ཁང་གིས་འབད་བརྩོན་བྱས་འོག་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད། སྤྱི་གཉེར་ཁང་གིས་ཆེད་དོན་འགོ་ཁྲིད་ཚོགས་པ་སྒྲིག་འཛུགས་བྱས་ཏེ་རང་ཁུལ་གྱི་ཞིང་འབྲོག་ལས། ནགས་ལས། ཚོང་དོན་སོགས་སྡེ་ཁག་འབྲེལ་མཐུད་ཡག་པོ་བྱས་ཏེ་སྔོན་ཉོའི་ཞིང་ལས་དང་སྒྲིག་ཆས་ཀྱི་ཞིང་ལས་ཟུང་འབྲེལ་བྱ་རྒྱུའི་ཐད་སེམས་ཤུགས་བསྒྲིམས་རྒྱུ་དང་། སྣེ་ཁ་དང་སྤུས་ཀ།  གཞི་ཁྱོན། དངོས་ཟོང་སོགས་ཀྱི་ཐད་སེམས་ཤུགས་བསྒྲིམས་ནས་གནས་མཆོག་དཀར་མཛེས་ཀྱི་ཁྱད་ཆོས་ཡོད་པའི་ཞིང་འབྲོག་ལས་ཀྱི་ཐོན་ལས་མཚོན་རྟགས་འཛུགས་སྐྱོང་བྱ་རྒྱུའི་རེ་བ་ཡོད།
ལི་ཝུའེ་ཞིན་ལྷན་ཕེབས་བཅས་ལ་མཇལ་འཕྲད་གནང་སྐབས་ཡེ་ཤེས་ཟླ་བས་གསུངས་དོན། དེང་སང་གི་དཀར་མཛེས་ཁུལ་ནི་ལྗང་མདོག་འཕེལ་རྒྱས་གཏོང་བར་རེ་བ་ཡོད་པས་མ་དངུལ་གཏོང་འཇོག་བྱེད་ས་དང་ཐོན་ལས་འཕེལ་རྒྱས་གཏོང་སའི་གནས་མཆོག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།  ཕྱོགས་གཉིས་ཀས་སྔར་ལྷག་གིས་ངོས་འཛིན་གཅིག་གྱུར་བྱས་ཏེ་བྱེད་ཐབས་ཏན་ཏིག་བླངས་ནས་དབུལ་སྐྱོར་འཕེལ་རྒྱས་ཀྱི་ཐེབས་རྩ་འཛུགས་རྒྱུ་དང་ཡུལ་སྐོར། ནུས་པའི་འབྱུང་ཁུངས་ཀྱི་ཐེབས་རྩ་གསོག་འཇོག་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏང་དགོས། འབྲེལ་ཡོད་ཀྱི་ཞིབ་ཕྲ་ལས་གཞི་ཐད་ཕྱོགས་གཉིས་ཀས་སྔར་ལྷག་གིས་འབྲེལ་མཐུད་དང་བསམ་འཆར་སྤེལ་རེས་བྱས་ནས་སྔ་སྣུར་ཙམ་དངོས་གནས་ཀྱི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱ་དགོས།
ཀྲེན་ཡུང་ཞུའེ་དང་ལི་ཝུའེ་ཞིན་རྣམ་གཉིས་ཀྱིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཕྱོགས་གང་ཅིའི་ཐད་ནས་ཡིད་ཆེས་ཐོབ་པ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེན་ཞུས་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མི་སེར་གྱི་ཡོང་འབབ་འཕར་ཐབས་བྱེད།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཐུམ་འབུའི་ནད་འགོག་བཅོས་གཞུང་ལས་ཁང་གིས2016ལོའི་ཐེངས་བཞི་པའི་ལས་ཀའི་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།