ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱི་མང་ཚོགས་ལས་ཀ་ཚོ་ཆུང་གི་མི་སྣ་ལྕགས་ཟམ་རྫོང་སྡེ་ཐོག་ཤང་ནན་ཐོའུ་གྲོང་ཚོར་ཕྱིན་ནས་དཔྱིད་རྨོས་དངོས་རྫས་བསྐྱལ་བ།

(དབྱངས་ཅན་གྱིས་བསྒྱུར། )        2013-03-28

ཉེ་ཆར། ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱི་འགན་ཁུར་བ་དང་འགན་གཙང་ལེན།རོགས་སྐྱོར་བཅས་ཀྱི་བྱེད་སྒོ་སྤེལ་མཁན་དང་མང་ཚོགས་ལས་ཀའི་འགོ་ཁྲིད་ཚོ་ཆུང་ལྕགས་ཟམ་རྫོང་སྡེ་ཐོག་ཤང་ནན་ཐོའུ་གྲོང་ཚོར་ཕྱིན་ནས་དཔྱིད་རྨོས་ཐོན་སྐྱེད་ཀྱི་དངོས་རྫས་གཏོང་སྤྲོད་བྱས།
དཔྱིད་རྨོས་ཐོན་སྐྱེད་ཀྱི་སྐུལ་སློང་ཚོགས་ཆེན་ཐོག   ལས་སྒྲུབ་ཚོ་ཆུང་གིས་སྡེ་ཐོག་ཤང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་ནན་ཐོའུ་གྲོང་ཚོའི་རྨོ་འདེབས་གྲ་སྒྲིག་ལས་ཀ་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་རྗེས། ཁུལ་རྒྱལ་ས་ཐོན་ཁུངས་ཅུས་ཀྱིས་ཡུལ་དེའི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་བ་དམ་ཟབ་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ལུགས་མཐུན་གྱིས་བཀོད་སྒྲིག་དང་། ཆགས་ཚུལ་བཟང་སྒྲུབ། གཙོ་གནད་མངོན་བསལ། ཐོན་ཁུངས་ལེགས་སྒྲིག  ཐབས་མང་འདོན་པ། མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བྱེད་པ་དང་།  ནན་ཐོའུ་གྲོང་ཚོའི་ས་ཞིང་མུ་འབྲེལ་གསར་སྦོལ་ལེགས་སྒྲིག་བྱ་རྒྱུ་དང་ས་གཤིས་ཀྱི་གནོད་སྐྱོན་བཅོས་སྐྱོང་བྱེད་པའི་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཡོངས་སུ་གྲོང་ཚོ་གསར་པ་འཛུགས་སྐྲུན་ལས་ཀ་འཆར་འགོད་བྱེད་པ། ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱ་རྒྱུ་དེ་གཞི་ཁྱོན་ཅན་དང་། དམིགས་ཚད་ཅན། ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བ་བཅས་ཀྱི་ཆུ་ཚད་མཐོ་བའི་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་པ་བྱས་ཏེ། ནན་ཐོའུ་གྲོང་ཚོའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་བདེ་དྲོད་དང་ཐུགས་ཁུར་དངོས་སུ་མྱོང་བཅུག་ངེས་ཡིན་ཞེས་བཤད།
  • ལེ་ཚན་སྔོན་མ།:ཁུལ་ཨུའི་མང་ཚོགས་ལས་དོན་ཅུས་ཀྱིས་མཉམ་འཛུགས་མཉམ་སྐྲུན་གྱི་ལས་ཀར་ཐབས་ཇུས་བཏོན།
  • ལེ་ཚན་རྗེས་མ།: བསོད་ནམས་ལྷ་མོར་བདེ་སྐྱིད་ཀྱི་ཁྱིམ་གཞིས་དྲོད་མོ་ཞིག་ཡོད།
  • དོ་སྣང་ཆེ་བའི་རྩོམ།