ར་རྔ་ཁ་འཕྲོད་བསྟེན་ཁང་གི་སྐོར་སྐྱོད་སྨན་བཅོས་ཚོགས་པས་རྒྱུ་ལ་ནུབ་རྒྱུད་ཀྱི་ཞིང་འབྲོག་ཁུལ་དུ་སྨན་བཅོས་བྱས།

(མིག་དམར་གྱིས)        2012-03-08

ཉེ་ཆར། ར་རྔ་ཁ་འཕྲོད་བསྟེན་ཁང་གི་སྐོར་སྐྱོད་སྨན་བཅོས་ཚོགས་པས་རྒྱུ་ལ་ནུབ་རྒྱུད་ཀྱི་ཞིང་འབྲོག་ཁུལ་དུ་སྨན་བཅོས་བྱེད་སྒོ་སྤེལ་བ།     རྒྱུ་ལ་ནུབ་རྒྱུད་ཀྱི་ཐག་རིང་གི་འབྲོག་ཁུལ་དུ་རྒྱུན་ལྡན་གྱི་སྨན་བཅོས་ཕྲན་བུ་རེ་བྱས་པ་ལས་ནད་ལྗིད་མོ་ཕོག་ན་ཐག་རིང་གི་ཡུལ་ནས་ར་རྔ་ཁ་འཕྲོད་བསྟེན་ཁང་དུ་འོང་དགོས་པ་རེད།ར་རྔ་ཁ་འཕྲོད་བསྟེན་ཁང་གིས་མང་ཚོགས་ཀྱི་དགའ་ངལ་ཐག་གཅོད་རྒྱུ་དེ་རང་འགན་དུ་བརྩིས་ནས་སྐོར་སྐྱོད་སྨན་བཅོས་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ས་ཁུལ་ཏུ་ཟབ་འཇུག་བྱས་ནས་སྨན་བཅོས་ཀྱི་ལས་ཀ་བྱས་པས།ཞིང་འབྲོག་མི་དམངས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་མཐོ་རུ་བཏང་བ་དང་།དཔྱིད་དུས་སུ་ཞིང་འབྲོག་ས་ཁུལ་གྱི་འགོས་ནད་སྔོན་འགོག་བྱས་པར་གལ་ཆེ་བའི་ནུས་པ་ཐོན་ཡོད། ད་ལོར། དར་མདོ་རྫོང་གིས་རྒྱུ་ལ་ནུབ་རྒྱུད་ཁུལ་དུ་བཅའ་སྡོད་གཉིས་དང་དོན་འཁྱོལ་བཞིའི་བྱེད་སྒོ་སྤེལ་བ་ནས་བཟུང་ར་རྔ་ཁ་འཕྲོད་བསྟེན་ཁང་གིས་རྐང་འཛིན་སྨན་པས་འགོ་ཁྲིད་དེ་མཐའ་འཁོར་ཀྱི་གྲོང་རྡལ་དང་གྲོང་གསེབ་དུ་ནད་བརྟག་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད། མི་བཅུ་ལས་མེད་པའི་སྨན་བཅོས་ཚོགས་པས་དུས་ཡུན་ཐུང་ངུ་ཟླ་ཕྱེད་རིང་ཐག་ཉེ་བའི་གྲོང་རྡལ7ལ་སོང་བ་དང་སྐོར་སྐྱོད་སྨན་བཅོས་བྱེད་ཐེངས་བརྒྱ་ལྷག་བྱས་ནས་ལས་བྱེད་མང་ཚོགས་སྟོང་ལ་ཉེ་བར་ཞབས་ཞུས་བྱས། དངོས་གནས་དྲང་གནས་ཀྱི་བཅའ་སྡོད་གཉིས་དང་དོན་འཁྱོལ་བཞིའི་བྱེད་སྒོས་ནུས་པ་གལ་ཆེ་སྐུལ་སྤེལ་བྱས་ཤིང་དེ་བས་ལེགས་པའི་སྒོ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ལེགས་པོ་ཞུས་པ་རེད། ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མཐེ་བོང་བསྒྲེངས་ཏེ་བསྟོད་པ་ཕུ་བ་རེད།
  • ལེ་ཚན་སྔོན་མ།:2012ལོའི་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ལས་དོན་གྲོས་ཚོགས་དར
  • ལེ་ཚན་རྗེས་མ།:ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པས་གསེར་ཐར་རྫོང་གི་འབྲོག་དམངས་ལ་དངོས་ཕན་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།