བཀྲ་ཤིས་ཀྱིས། 2011-07-08
ཟླ༧པའི་ཚེས༧ཉིན་གྱི་དགོང་མོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་སློབ་རྣམས་མཉམ་དུ་འཛོམས་ནས་རིག་རྩལ་དགོང་ཚོགས་ལ་རོལ།ཐེངས་འདིའི་དགོང་ཚོགས་ནི་ད་སྔོན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ལ་ ཕྱིར་མ་ཡུམ་སློབ་གྲྭར་ཆེད་སྦྱོང་དུ་ཡོང་བ་རྣམས་ཀྱིས་མ་ཡུམ་སློབ་གྲྭའི་དགེ་རྒན་དག་ལ་དྲིན་ལན་ཞུ་བའི་ཆེད་དུ་རྩ་འཛུགས་བྱས་པ་ཞིག་རེད།དགོང་ཚོགས་སུ་སློབ་མ་རྣམས་ཀྱིས་སྙན་ཞིང་འཇེབས་པའི་གླུ་དང་ཡིད་དབང་འཕྲོག་པའི་གར་གྱིས་བཀའ་དྲིན་ཆེན་པོ་དྲན་དུ་ཤེས་པའི་སེམས་པ་མཚོན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10