ཧུའུ་ཁྲང་ཧྲེང་གིས་རོང་བྲག་རྫོང་སྟོང་འགོ་ཤང་གི་གནོད་སྐྱོན་ཐེབས་ཡུལ་ལ་ཁྲིད་སྟོན་བྱེད་སྐབས་རྗེས་བྱུང་གནོད་འཚེ་འགོག་སྲུང་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2014-08-18

ཟླ་བ8པའི་ཚེས12ཉིན།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཐེབས་པའི་རོང་བྲག་རྫོང་གི་སྟོང་འགོ་ཤང་དུ་གནོད་སྐྱོན་ཐེབས་ཚུལ་ལ་ཞིབ་མོར་གཟིགས་ཤིང་ཉེན་སྐྱོབ་གནོད་སེལ་གྱི་ལས་ཀར་ཁྲིད་སྟོན་བྱེད་ཞོར་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།    ཁོང་གིས་ནན་གསུང་གནང་དོན།ཉེན་སྐྱོབ་གནོད་སེལ་གྱི་གནད་འགག་དུས་རིམ་ལ་འབྲེལ་ཡོད་སྡེ་ཁག་གིས་གནོད་སྐྱོན་ཐེབས་ཚུལ་ལས་ཡུལ་དངོས་ལ་ཚོད་དཔག་དང་ལྟ་སྐུལ།གནམ་གཤིས་དང་ས་གཤིས་གནོད་སྐྱོན་ཐེབས་གནས་ཀྱི་ཉེན་བརྡ་སྔོན་གཏོང་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྗེས་བྱུང་གནོད་འཚེ་འགོག་སྲུང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།  ཟླ་བ8པའི་ཚེས9ཉིན་གྱི་ནམ་ཕྱེད་ཆུ་ཚོད2ཡས་མས་སུ་ཆར་དྲག་ཆེན་པོ་བབས་པའི་རྐྱེན་གྱིས་རོང་བྲག་རྫོང་སྟོང་འགོ་ཤང་མཁར་ལུང་ལུང་པ་ལ་འདམ་རྡོ་ཆུ་རུད་ཀྱི་གནོད་སྐྱོན་ཚབས་ཆེན་ཐེབས་ནས་རོང་བྲག་གི་སྟོང་འགོ་ཤང་གི་དུད་ཚང451དང་མི1521ལ་གནོད་སྐྱོན་ཐེབས་པ་རེད།དེའི་སྐབས་སྔོན་བརྡ་དུས་ཐོག་གཏོང་བ་དང་ཤང་སྡེའི་ལས་བྱེད་པས་སྒྲིག་འཛུགས་ནུས་ལྡན།ཡུལ་དམངས་ཕྱིར་བྲོས་མགྱོ གས་པ་བཅས་བྱེད་ཐུབ་པའི་དབང་གིས་ཤང་ཡོངས་ཀྱི་དུད་ཚང400ལྷག་ཙམ་གྱི་གནོད་ཐེབས་མང་ཚོགས་མགྱོགས་མྱུར་ཉེན་མེད་སར་བསྐྱལ་ནས་མི་ཤི་རྨས་བྱུང་མེད།    ཧུའུ་ཁྲང་ཧྲེང་ལྷན་ཕེབས་ཀྱིས་སྔོན་རྗེས་སུ་རྐང་ཐང་གིས་སྟོང་འགོ་ཤང་གི་ས་གཤིས་གནས་ཚུལ་དང་ཞིང་ལས་ཐོན་རྫས་གནོད་འཚེ་ཐེབས་ཚུལ།ཆུ་རྐ་སོགས་གཏོར་བཤིག་ཐེབས་ཚུལ་ཞིབ་བཤེར་བྱས་རྗེས།ད་དུང་འདམ་རྡོ་ཆུ་རུད་ཀྱི་གནོད་སྐྱོན་ཐེབས་ཡུལ་དུ་ཕྱིན་ནས་འབྲེལ་ཡོད་ཀྱི་མྱུར་སྐྱོབ་གནས་ཚུལ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་པའི་གནས་ཚུལ་བཅས་ཀྱི་སྐོར་ལ་འདྲི་རྟོག་ཞིབ་ཚགས་བྱས།ཁོང་གནས་སྐབས་བཀོད་སྒྲིག་བྱེད་གནས་ཀྱི་སྦྲ་གུར་ནང་ཕེབས་ནས་གནོད་ཐེབས་མང་ཚོགས་དང་མཛའ་བརྩེའི་ངང་ཞལ་བརྡ་ལབ་རེས་བྱས་ནས་ཁོ་ཚོར་ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་འོག་ཡིད་ཆེས་བརྟན་པོ་འཛིན་པ་དང་དཀའ་ངལ་ཁྱད་བསད་བྱས་ནས་དུས་ཐོག་ཏུ་ཐོན་སྐྱེད་དང་འཚོ་བ་རང་སྐྱོབ་ཀྱི་ལས་ཀ་སྤེལ་ནས་དུས་ཚོད་སྔ་ཙམ་དཀའ་ངལ་ལས་ཐར་བ་བྱེད་དགོས་པའི་ཐུགས་རེ་གནང་།   སྟོང་འགོ་ཤང་གིས་གནོད་ཐེབས་གནས་ཚུལ་གྱི་སྙན་ཞུར་གསན་རྗེས་ཧུའུ་ཁྲང་ཧྲེང་གིས་རོང་བྲག་རྫོང་དང་ཤང་།གྲོང་སྡེ་བཅས་རིམ་པ་གསུམ་གྱི་བབ་བསྟུན་ཉེན་བརྡ་དང་ཉེན་སྐྱོབ་གནོད་སེལ།གནོད་ཐེབས་མང་ཚོགས་གཞན་སྤོ་བཀོད་སྒྲིག་སོགས་ཀྱི་ལས་ཀ་སྒྲུབ་ཚུལ་ཐད་ལ་ཁས་ལེན་གང་ལེགས་གནང་།ཁོང་གིས་ནན་གསུང་གནང་དོན།རྗེས་སུ་ཉེན་སྐྱོབ་གནོད་སེལ་གྱི་ལས་ཀར་བསམ་པའི་ཐོག་ནས་མཐོང་ཆེན་བྱེད་པ་དང་མུ་མཐུད་ནས་ནུས་ཤུགས་ཡོད་དགུས་ཉེན་སེལ་དང་རྗེས་བྱུང་གི་གནོད་འཚེ་འགོག་བཅོས་ལས་ཀ་ལེགས་འཛིན་བྱས་ནས་གནོད་འཚེ་ཐེངས་གཉིས་བྱུང་བར་འགོག་སྲུང་བྱས་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་གཏན་ནས་བྱུང་མི་ཆོག  གནས་སྐབས་བཀོད་སྒྲིག་བྱས་རིང་ཟས་རིགས་ཀྱི་ཉེན་མེད་བདེ་འཇགས་དང་འཕྲོད་བསྟེན་རིམས་འགོག་ལས་ཀ་མུ་མཐུད་ནས་ལེགས་འཛིན་བྱས་ཏེ་གནོད་སྐྱོན་རྗེས་སུ་རིམས་ནད་མི་ཡོང་བར་ཁག་ཐེག་བྱེད་དགོས།གཞན་ཡང་གནོད་སྐྱོན་ཐེབས་ཡུལ་གྱི་བདེ་སྲུང་ལས་ཀར་སྲུང་འཛིན་བྱས་ནས་མང་ཚོགས་ལ་གནོད་འགོག་རང་སྐྱོབ་ཀྱི་ཁོར་ཡུག་ཡག་མོ་ཞིག་འདོན་སྤྲོད་བྱེད་དགོས།གནོད་སྐྱོན་ཐེབས་ཡུལ་གྱི་བསྐྱར་འཛུགས་འཆར་འགོད་བཟོ་འགོད་བྱེད་པ་དང་ཧུར་ཐག་གིས་གོང་རིམ་གྱི་གཙོ་འཛིན་སྡེ་ཁག་ལ་སྙན་སེང་ཞུས་ནས་གནོད་སྐྱོན་ཐེབས་ཡུལ་གྱི་བསྐྱར་འཛུགས་ལས་ཀ་སྔ་ཙམ་སྤེལ་གང་ཐུབ་བྱེད་དགོས།     ཁོང་གིས་ད་དུང་གནོད་འགོག་ལས་ཀར་ཁྲིད་སྟོན་བྱེད་བཞིན་ཡོད་པའི་ཞིང་ཆེན་དང་རྒྱལ་ས་ཐོན་ཁུངས་ཐིང་གི་འབྲེལ་ཡོད་ཆེད་རམས་པར་སྟོང་འགོ་ཤང་གི་འདམ་རྡོ་ཆུ་རུད་ཀྱི་གནོད་སྐྱོན་ཐེབས་ཚུལ་དངོས་དྲང་པོ་དྲང་གཞག་གི་སྒོ་ནས་གོང་ལ་ཞུ་བ་དང་།དཀར་མཛེས་ཁུལ་དང་མཉམ་དུ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་གང་ཐུབ་བྱས་ཏེ་རོང་བྲག་རྫོང་གི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་བཅོས་སྐྱོང་བྱས་ནས་ཚན་རིག་དང་མཐུན་པའི་བཅོས་སྐྱོང་འཆར་འགོད་གཅིག་དང་།ལྟ་སྐུལ་ཚད་ལེན་འཆར་འགོད་གཅིག་དང་ཕྱིན་ཆད་ཀྱི་ཞིང་སྡེ་གསར་པའི་འཛུགས་སྐྲུན་ལ་ཕན་ནུས་ལྡན་པའི་བཅོས་སྐྱོང་འཆར་འགོད་གཅིག་བཅས་བཟོ་རོགས་བྱ་རྒྱུའི་ཐུགས་རེ་གནང་།    ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲུའུ་ཏ་ཁྲུན་དང་ཁུལ་དམངས་སྲིད་ཐིང་།ཁུལ་རྒྱལ་ས་ཐོན་ཁུངས་ཅུས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་རོང་བྲག་རྫོང་ཨུའི་འགན་ཁུར་མི་སྣ་བཅས་ཀྱིས་ལྷན་ཕེབས་གཟིགས་ཞིབ་གནང་བ་རེད།
  • ལེ་ཚན་སྔོན་མ།:དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱིས་རིམ་པ་ལྔ་ཅན་གྱི་ལྗོངས་རྒྱུའི་མཛེས་ཁུལ་སྐྲུན་གང་ཐུབ་བྱས།  
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་ཐོག་མར་བོད་ཇ་མུའུ5000འདེབས་འཛུགས་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།