བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ110འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་ཞིབ་གྲོས་ཚོགས་འདུ་འཚོགས།
སྐལ་ཐུབ་ཀྱིས་བསྒྱུར། 2014-08-18
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ8པའི་ཚེས6ཉིན་འབྱོར་བའི་གཏམ་གསར། བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ110འཁོར་བའི་དུས་དང་བསྟུན་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མཁས་དབང་དང་ཆེད་རམས་པ100ལྷག་བློ་མཐུན་ཏེང་ཞའོ་ཕིང་གི་ཕ་ཡུལ་སི་ཁྲོན་ཁྲེང་ཏུའུ་རུ་ལྷན་འཛོམས་བྱས་ཏེ། ཏེང་ཞའོ་ཕིང་གི་རིག་གཞུང་གི་དུས་རབས་གསར་པའི་གོ་དོན་དང་དོན་སྙིང་ལ་ཞིབ་གྲོས་གནང་བ་དང་། བློ་མཐུན་ཏེང་ཞའོ་ཕིང་གི་ཉམས་མེད་མཛད་རྗེས་ལ་སེམས་གཏིང་ནས་དྲན་གསོ་ཞུས་ཤིང་། བློ་མཐུན་ཏེང་ཞའོ་ཕིང་གི་བླ་ན་མེད་པའི་ཉམས་འགྱུར་ལ་དྲན་རྗེས་ཞུས་ཏེ་སྔར་ལྷག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་རིག་དང་ནུས་པ་ཆིག་བསྒྲིལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཞིབ་གྲོས་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཀྲུང་གོའི་ཡན་ཨན་བསམ་བློ་ཞིབ་འཇུག་ཁང་། སི་ཁྲོན་ཞིང་ཆེན་ཏང་ཨུ། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཚོགས་ཞུགས་ཆེད་རམས་པ་དང་མཁས་དབང་ཚོས་ད་དུང་ཏེང་ཞའོ་ཕིང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལྟ་བ་དང་ཆོད་གཏམ་གལ་ཆེན་རབ་དང་རིམ་པའི་སྐོར་སློབ་སྦྱོང་དང་ཞིབ་གྲོས་གནང་བ་རེད།