དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།

        2016-10-08

ཟླ་བ9པའི་ཚེས6ཉིན་གྱི་ཞོགས་པའི་ཆུ་ཚོད7པའི་སྟེང་དར་མདོའི་མཛའ་གཞས་ཐང་ཆེན་དུ་ས་གནས་རང་གི་ཕོ་མོ་ན་གཞོན་དང་།གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག་བཅས་ཆེད་གཉེར་རྒྱང་རྒྱུག་ལུས་རྩལ་པ་དག་དང་མཉམ་དུ་འཛོམས་ཏེ2016ལོའི་དར་མདོ་མཛའ་གཞས་རྒྱལ་སྤྱིའི་རྒྱང་རྒྱག་འགྲན་བསྡུར་རུ་ཞུགས་པ་རེད།

དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།

ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་དེ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིིས་གཙོ་གཉེར་བྱས་པ་དང་།དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་རེད།འགྲན་དོན་ཐད་སྤྱི་ལེ21ཡོད་པའི་སྐྱེས་པ་དང་བུད་མེད་ཀྱི་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་དང་སྤྱི་ལེ5ཡོད་པའི་ལེ་རྒྱུགས་ཀྱི་ཆེད་ལས་ཚོགས་ཆུང་དང་།དཀར་མཛེས་ས་གནས་རང་གི་སྐྱེས་པ་དང་བུད་མེད་ཀྱི་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་ཚོགས་ཆུང་བཅས་སུ་དབྱེ་བ་རེད།འགྲན་བསྡུར་རུ་ཁེན་ནི་ཡ་དང་པེ་ཅིང་།ཁྲུང་ཆིང་།ཁྲེང་ཏུའུ་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་ཞུགས་པ2000ལྷག་ཡོད་པ་རེད།

དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།

  ཞོགས་པའི་ཆུ་ཚོད8པའི་སྟེང་དངོས་སུ་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་།ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད།ཀུའེ་ཀྲོའུ་ཀུའེ་དབྱང་ནས་ཡོང་བའི་བདམས་ཐོན་པ་ཀོན་ཡིའུ་ཧྲེང་གིས་དུས་ཡུན་སྐར་མ68དང་སྐར་ཆ50ཡི་རྒྱུག་འབྲས་ཀྱིས་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་ཆེད་གཉེར་གྱི་སྐྱེས་པའི་ཚོགས་ཆུང་ལས་ཨང་དང་པོའི་རྟགས་མ་བླངས་པ་དང་།སློབ་གཉེར་བྱེད་བཞིན་པའི་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མ་ཝང་ཧོན་གྱིས་དུས་ཡུན་སྐར་མ70དང་སྐར་ཆ37ཡི་རྒྱུག་འབྲས་ཀྱིས་ཨང་གཉིས་པའི་རྟགས་མ་བླངས།ཁེན་ནི་ཡའི་མི་རྒྱུད་ནག་པོའི་སྐྱེས་པNicholasཡིས་དུས་ཡུན་སྐར་མ75དང་སྐར་ཆ12ཡི་རྒྱུག་འབྲས་ཀྱིས་ཨང་གསུམ་པའི་རྟགས་མ་བླངས་པ་རེད།

དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།

དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།

ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་ཆེད་གཉེར་གྱི་བུད་མེད་ཚོགས་ཆུང་ལས་ཡའོ་མའོ་ཡིས་དུས་ཡུན་སྐར་མ86དང་སྐར་ཆ46ཡི་རྒྱུག་འབྲས་ཀྱིས་ཨང་དང་པོའི་རྟགས་མ་བླངས་པ་དང་།དེ་བཞིན་ཐའོ་ཡན་རུའུ་དང་ཀྲུའུ་ཏུང་མེ་གཉིས་ཀྱིས་ཨང་གཉིས་པ་དང་ཨང་གསུམ་པའི་རྟགས་མ་བླངས་པ་རེད།
རང་ཁུལ་གྱི་ཉག་རོང་རྫོང་གི་བདམས་ཐོན་པ་ཀུའུ་ཧེ་ཡིས་ས་གནས་རང་གི་ལམ་ཚད་ཕྱེད་ཀའི་རྒྱང་རྒྱུག་གི་སྐྱེས་པའི་ཚོགས་ཆུང་ལས་ཨང་དང་པོ་དང་།ཧོ་ཅིང་ཧྲན་དང་ཞེ་ཝན་ཁང་གཉིས་ཀྱིས་ཨང་གཉིས་པ་དང་གསུམ་པ་བཅས་ཀྱི་རྒྱུག་འབྲས་བླངས་པ་རེད།ལུའུ་ལི་ཡིས་ས་གནས་རང་གི་བུད་མེད་ཚོགས་ཆུང་ལས་ཨང་དང་པོའི་རྒྱུག་འབྲས་བླངས་པ་རེད།

དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།དར་མདོའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་རྒྱང་རྒྱུག་འགྲན་བསྡུར།

  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་ལ་སྐེད་ས་ཁུལ་དུ་དབུལ་སྐྱོར་འགག་སྒྲོལ་བྱེད་པའི་ལས་ཀར་གྲུབ་འབྲས་ཐོབ་ཚུལ།
  • ལེ་ཚན་རྗེས་མ།:ལ་ཁའི་ཉི་མའི་གསེར་མདངས་རང་འཕྲོ།
  • དོ་སྣང་ཆེ་བའི་རྩོམ།